མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-19 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་བཅུ་བདུན་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བའི་གནས་ཚུལ་དང་། ཞིང་ཆེན་ཡོངས་ཀྱི་རྒྱུུ་སྤུས་དང་སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་རྒྱུ་སྤུས་བྱ་དགའི་དཔྱད་འདེམས་རྩིས་བཤེར་གནས་ཚུལ་ཡར་ཞུ་བྱས་པར་ཉན་ཞིང་། སྔར་ལས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ས་ཆ་གཞན་དུ་གནས་སྤོར་བའི་མང་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཡར་སྐུལ་གཏོང་བའི་བསམ་འཆར་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུར་ཚོད་ལྟ་ས་ཁུལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་སྤྱི་ཕན་གོ་གནས་བཀོད་སྒྲིག་དང་དེ་མིན་དོ་དམ་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ནས་བསྟན་དོན། རྩིས་བཤེར་ལྟ་སྐུལ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ལམ་དང་བྱེད་ཐབས་གལ་ཆེན་ཡིན་ཞིང་། དེ་རྒྱལ་ཁབ་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་བྱེད་པར་འབྲེལ་བ་ཡོད་པ་མ་ཟད། སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་དང་སྤྱོད་གཙང་འཛུགས་སྐྲུན་བྱ་བ་ཡར་སྐུལ་གཏོང་བར་ཡང་འབྲེལ་བ་ཡོད་ལ། བཅོས་སྒྱུར་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལས་དོན་ལའང་འབྲེལ་བ་ཡོད། ད་ལོའི་ཚུན་ལ་མཚོ་སྔོན་ཞིང་ཆེན་རྩིས་བཤེར་སྡེ་ཁག་གིས་རང་འགུལ་གྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་དཀྱིལ་སྙིང་ལ་དམིགས་ནས། ནོར་སྲིད་ངེས་རྩིས་ལག་བསྟར་གནས་ཚུལ་དང་། ལས་གཞི་འཛུགས་སྐྲུན་གཙོ་བོ། དམངས་འཚོ་ལེགས་བཅོས། ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སོགས་ཁྱབ་ཁོངས་གལ་ཆེན་གྱི་རྩིས་བཤེར་བྱ་བར་ཤུགས་བསྣན་ཏེ། སྲིད་ཇུས་སྣ་ཚོགས་དངོས་འབེབས་དང་དོན་ཐོག་ཏུ་འཁྱོལ་བའི་བྱ་བ་ཡར་སྐུལ་བྱས་ལ། དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་པ་མ་ཟད། ཁྲིམས་སྐྱོང་འཛུགས་སྐྲུན་དང་། རུལ་སུངས་དར་སྤེལ་སོགས་ཐད་ལ་ནུས་པ་གལ་ཆེན་བཏོན་ཟེར།

གྲོས་ཚོགས་ནན་གྱིས་བསྟན་དོན། དེང་སྐབས་ཀྲུང་དབྱང་གིས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བ་དེ་ཕྱོགས་ཡོངས་ནས་སྤེལ་ཞིང་། རང་ཞིང་གིས་བཅོས་སྒྱུར་སྒོ་འབྱེད་དང་ས་ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་བྱ་བ་དེ་གནད་འགག་གི་དུས་སུ་བསླེབས་པས། རྩིས་བཤེར་བྱ་བའི་ཁྱབ་ཁོངས་ཀྱང་བསྡད་ཀྱིན་བསྡད་ཀྱིན་ཇེ་ཆེ་དང་། ལས་འགན་བསྡད་ཀྱིན་བསྡད་ཀྱིན་ཇེ་ལྗིད། འགན་ཁུར་བསྡད་ཀྱིན་བསྡད་ཀྱིན་ཇེ་ལྗིད་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩིས་བཤེར་སྡེ་ཁག་གིས་ནན་ཏན་སྒོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩིས་བཤེར་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ལག་བསྟར་བྱས་ནས། མུ་མཐུད་དུ་ཁྱབ་ཁོངས་གཙོ་བོའི་རྩིས་བཤེར་ལྟ་སྐུལ་བྱ་བ་དམ་འཛིན་བྱེད་དགོས་པ་དང་། ནོར་སྲིད་མ་དངུལ་གྱི་གྲུབ་འབྲས་དང་དམངས་འཚོ་ལེགས་བཅོས་མ་དངུལ། ཐོན་ཁུངས་ཁོར་ཡུག་ཁྱབ་ཁོིངས་རྩིས་བཤེར་དང་དེ་མིན་མགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་ཁུར་རྩིས་བཤེར་བྱ་བར་ཤུགས་བསྣན་ནས། ལས་ཁུངས་སོ་སོའི་ནང་ཁུལ་གྱི་རྩིས་བཤེར་ལམ་ལུགས་ལ་ལྟ་སྐུལ་དང་འཐུས་ཚང་དུ་གཏོང་དགོས། ལས་ཁུངས་དང་སྡེ་ཁག་སོ་སོས་ནན་ཏན་སྒོས་རྩིས་བཤེར་བྱས་ནས་ཤེས་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པ་མ་ཟད། ནུས་ཡོད་ཀྱི་བྱེད་ཐབས་སྤྱོད་དེ་དག་ཐེར་བཅོས་སྐྱོང་བྱ་བ་བཟང་བོར་སྒྲུབ་པ། ཞིང་ཆེན་ཡོངས་ཕྱོགས་སོ་སོས་རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་ལག་བསྟར་བྱེད་པའི་འགན་འཁྲི་བྱ་བར་རྒྱབ་སྐྱོར་བྱས་ནས། རྩིས་བཤེར་བྱ་བར་ཆ་རྐྱེན་ཅུང་བཟང་བོ་ཞིག་སྐྲུན་དགོས་ཟེར།

 གྲོས་ཚོགས་ནས་རྩ་དོན་ཐོག་ནས་གཙང་གསུམ་འབྱུང་ཡུལ་གྱི་ས་ཆ་གཞན་དུ་གནས་སྤོར་བའི་མང་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྔར་ལས་ཡར་སྐུལ་བྱེད་པའི་བསམ་འཆར་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་སྤྱི་ཕན་ལས་གནས་བཀོད་སྒྲིག་དང་དེ་མིན་དོ་དམ་བསམ་འཆར་ལ་གྲོས་འཆམ་བྱུང་ནས། སྔར་ལས་འཐུས་ཚང་བཏང་རྗེས་ཞིང་ཆེན་ཏང་ཨུར་རྩིས་བཤེར་བྱེད་པར་སྤྲད།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག