མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟླ1པོ་ནས་ཟླ10བར་དུ་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་གོང་དུ་འཕར་ཞིང་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར85མངོན་འགྱུར་བྱས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-20 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྒོ་ཁྲལ་ལས་ཁུངས་ནས་རྒྱུས་ལོན་པ་ལྟར་ན། ཟླ1པོ་ནས་ཟླ10བའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་གོང་དུ་འཕར་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར85མངོན་འགྱུར་བྱས་ལ། ན་ནིང་གི་དུས་མཉམ་ལས23%འཕར་ཡོད། དེའི་ནང་ནང་འདྲེན་ཡོང་སྒོ་ལ་སྒོར་དུང་ཕྱུར32.2དང་ཕྱིར་གཏོང་ཡོང་སྒོ་སྒོར་དུང་ཕྱུར52.8ལ་སླེབས་ཤིང་། སོ་སོར་དུས་མཉམ་ལས21.1%དང24.2%འཕར་ཡོད། ཉོ་ཚོང་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར20.6དང་དུས་མཉམ་ལས་ལྡབ7.24འཕར་ཡོད།

སྒོ་ཁྲལ་ལས་ཁུངས་ཀྱི་བསྡོམས་རྩིས་གཞི་གྲངས་ལ་གཞིགས་ན། ཟླ་སྔོན་མ10རིང་། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་ལ་སྤྱིར་བཏང་གི་ཉོ་ཚོང་གཙོ་བྱས་ཡོད་པ་དང་། དེའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་གྱི86%ཟིན་ཡོད། ཧིན་རྡུ་ཉི་ཞི་ཡ་དང་རྒྱ་གར། མ་ལེ་ཞི་ཡ། ཨོ་སི་ཁྲུ་ལི་ཡ། ཨ་རི་སོགས་ཕྱི་ཕྱོགས་ཉོ་ཚོང་བྱེད་ཡུལ་རྒྱལ་ཁབ་གཙོ་བོ་དག་ལ་ཕྱིར་གཏོང་བྱས་པའི་སྤྱི་འབོར་ཚད་མི་འདྲ་བའི་སྒོ་ནས་གོང་དུ་འཕར་ཡོད།  ། 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག