མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་འགྲེམ་སྟོན་ཚོགས་པ་ཅང་ཞི་ཞིང་ཆེན་ནན་ཁྲང་ནས་བསྡུས་པའི་འཛམ་གླིང་སྐབས་གསུམ་པའི་ཐཱན་ཉུང་སྐྱེ་ཁམས་དཔལ་འབྱོར་དང་ཀྲུང་གོ་ལྷད་མེད་ཟས་རིགས་འགྲེམ་སྟོན་ཚོགས་འདུ་སྐབས་བདུན་པར་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རརླུང་འཕྲིན།  2014-11-22 12:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་ཅང་ཞི་ཞིང་ཆེན་སྲིད་གཞུང་གིས་གཙོ་བསྒྲུབས་བྱས་པའི་ཁ་ཡིག་ལ་སྐྱེ་ཁམས་དང་། སྒོ་འབྱེད། མཉམ་ལས། མཉམ་རྒྱལ་བཅས་བརྗོད་བྱ་གཙོ་ཡིན་པའི་འཛམ་གླིང་སྐབས་གསུམ་པའི་ཐཱན་ཉུང་སྐྱེ་ཁམས་དཔལ་འབྱོར་དང་ཀྲུང་གོ་ལྷད་མེད་ཟས་རིགས་འགྲེམ་སྟོན་ཚོགས་འདུ་སྐབས་བདུན་པ་ནན་ཁྲང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་ཚོགས་མགོ་བརྩམས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་ཚོགས་གཙོ་ཡིན་པ་དང་། ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་དཔལ་འབྱོར་ཉོ་ཚོང་ཡར་སྐུལ་སོགས་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགན་ཁུར་བ་ལྷད་མེད་འགྲེམ་སྟོན་ཚོགས་འདུར་ཞུགས། འགྲེམ་སྟོན་ཚོགས་འདུར་མཚོ་སྔོན་གཙང་བོའི་མགོ་ཁུངས་དང་། མཚོ་སྔོན་ཞེའོ་ཧྥུན་ནོར་ནག་འོ་ལས་ལས་རིགས་སོགས་མཚོ་སྔོན་ཁྱད་ཆོས་ལྡན་པའི་ཁེ་ལས་ཉེར་བཞིས་དབྱར་རྩྭ་དགུན་འབུ་དང་། ཕངས་འབྲས། ཞོ། ཤ་སྐམས། ཟ་སྣུམ། སྲན་མ། འོ་ལས་ཐོན་རྫས། སྦྲང་རྩི། ནས་ཆང་། འབྲས་ཏོག་སྣ་ཚོགས་སྣ་ཁ་བརྒྱད་ཅུ་ལྷག་འགྲེམ་སྟོན་བྱས་ནས། ས་གནས་སོ་སོའི་འགྲེམ་སྟོན་འཐུས་མི་དང་གྲོང་ཁྱེར་སྡོད་དམངས་ཀྱིས་འགྲེམ་སྟོན་ལ་བལྟས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག