མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་གྲོང་རྡལ་མི་གྲངས་ཁྲི280.30ལ་སླེབས་ཤིང་གྲོང་རྡལ་ཅན་དུ་བསྒྱུར་ཚད4.8%ནས48.5%ལ་སླེབས་ཡོད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-25 10:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཞིང་ལས་ངལ་རྩོལ་ནུས་ཤུགས་དེ་ཞིང་ལས་ཐོན་སྐྱེད་ལས་རིགས་མ་ཡིན་པའི་སྟེང་སྤོ་བསྒྱུར་བྱས་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱི་གྲོང་རྡལ་ཅན་དུ་བསྒྱུར་ཚད་སྔར་ལས་ཇེ་མགྱོགས་སུ་སོང་ཡོད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། བཅིངས་འགྲོལ་བྱས་རྗེས་ཀྱི་དུས་འགོར་མཚོ་སྔོན་ཞིང་ཆེན་ལ་གྲོང་རྡལ1དང་རྫོང་མཁར19། གྲོང་རྡལ་མི་གྲངས་ཁྲི7.08ལས་མེད་ལ། དེས་ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བསྡུར་ཚད་ཀྱི4.8%ལས་ཟིན་མེད། 2013ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ལ་ས་ཁུལ་རིམ་པའི་གྲོང་ཁྱེར2དང་། རྫོང་རིམ་པའི་གྲོང་ཁྱེར3། གྲོང་རྡལ137། གྲོང་རྡལ་མི་གྲངས་ཁྲི280.30ལ་སླེབས་པ་དང་། གྲོང་རྡལ་ཅན་བསྒྱུར་ཚད48.5%ལ་ཇེ་མཐོར་སོང་བས། 1952ལོ་དང་བསྡུར་ན་བརྒྱ་ཆའི་ཆ43.3ཇེ་མཐོར་སོང་ཡོད།

ཀྲུང་གོ་གསར་བ་བཙུགས་པའི་ལོ65ནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། ཧུར་བརྩོན་གྱིས་འཕེལ་རྒྱས་ཁྲོད་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་སེལ་ནས་གྲུབ་འབྲས་དགའ་འོས་བ་བླངས་ཡོད། 1949ལོར་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་མི་གྲངས་ཁྲི7.08ལས་མེད་པ་དང་། གྲོང་རྡལ་ཅན་དུ་བསྒྱུར་ཚད4.8%ཡིན། 1978ལོར་གྲོང་རྡལ་ཅན་དུ་བསྒྱུར་ཚད18.6%ལ་སླེབས་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས། གྲོང་རྡལ་ཅན་དུ་བསྒྱུར་ཚད་རིམ་བཞིན་ཇེ་མགྱོགས་སུ་ཕྱིན་པ་དང་། 2013ལོའི་ལོ་མཇུག་ཏུ་སླེབས་དུས། ཞིང་ཆེན་ཡོངས་ལ་ས་ཁུལ་རིམ་པའི་གྲོང་ཁྱེར2དང་། རྫོང་རིམ་པའི་གྲོང་ཁྱེར3། གྲོང་རྡལ137། གྲོང་རྡལ་མི་གྲངས་ཁྲི280.30ལ་སླེབས་པ་དང་། གྲོང་རྡལ་ཅན་བསྒྱུར་ཚད48.5%ལ་ཇེ་མཐོར་སོང་བས། 1952ལོ་དང་བསྡུར་ན་བརྒྱ་ཆའི་ཆ43.3ཇེ་མཐོར་སོང་ཡོད། གྲོང་ཁྱེར་གྱི་གཅིག་འདུ་དང་སྐུལ་ཁྲིད་བྱེད་ནུས་རིམ་བཞིན་མངོན་གསལ་དུ་གྱུར་ཡོད། 2013ལོར་ཟི་ལིང་དང་མཚོ་ཤར་བཅས་ས་ཁུལ་རིམ་པའི་གྲོང་ཁྱེར་གཉིས་ལ་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི64.0%ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་སྤྱི་འབོར་གྱི62.6%མངོན་འགྱུར་བྱས་ཡོད།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག