མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་རོང་འབྲོག་ཁུལ་དུ་གཙང་སྦྲའི་སྤྱོད་ཁང་ཁྲི6035འཛུགས་སྐྲུན་བྱས་པ་དང་གཙང་སྦྲའི་སྤྱོད་ཁང་ཁྱབ་གདལ་དུ་གཏང་ཚད64.94%ལ་སླེབས་ཡོད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-26 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱོད་ཁང་ལེགས་བཅོས་བྱ་བ་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཤང་གྲོང་ཁོར་ཡུག་འཕྲོད་བསྟེན་རྣམ་པ་ལེགས་བཅོས་དང་མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། མཚོ་སྔོན་གྱིས་ཧུར་བརྩོན་གྱིས་རོང་འབྲོག་ཁུལ་དུ་སྤྱོད་ཁང་ལེགས་བཅོས་བྱེད་པའི་བྱ་བ་སྤེལ་བ་དང་། རྒྱུས་ལོན་པ་ལྟར་ལྟར་ན། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་དུ་བསྡོམས་པས་སྤྱོད་ཁང60.35འཛུགས་སྐྲུན་བྱས་ཡོད་པ་དང་། གཙང་སྦྲའི་སྤྱོད་ཁང་ཁྱབ་གདལ་དུ་གཏང་ཚད64.94%ལ་སླེབས་ཤིང་། གནོད་མེད་ཅན་གྱི་སྤྱོད་ཁང་ཁྱབ་གདལ་དུ་གཏང་ཚད8.93%ལ་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན། 2004ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཁ་གསབ་སྤྱད་དེ་ས་གནས་སྤྱི་བའི་འཕྲོད་བསྟེན་གྱི་ཞིང་སྡེའི་སྤྱོད་ཁང་ལེགས་བཅོས་ལས་གཞི་ལག་བསྟར་བྱས་ཤིང་། ཉིས་ཐོག་ཅན་གྱི་གཙང་སྦྲའི་སྤྱོད་ཁང་ཁྱབ་གདལ་དུ་བཏང་ཡོད། 2009ལོར་རྒྱལ་ཁབ་ཀྱིས་སྤྱོད་ཁང་ལེགས་བཅོས་བྱེད་པ་དེ་སྨན་བཅོས་བཅོས་བསྒྱུར་ལམ་ལུགས་ཀྱི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་གཙོ་གནད་ལས་གཞི་ནང་བཞག་པ་དང་། སྤྱོད་ཁང་ལེགས་བཅོས་ལས་གཞི་དེ་གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ས་ཁུལ་དང“ཁེ་ལས་དང་སྡེ་བ་སྦྲེལ་བའི་སྡེ་བ”དང་། “ཞིང་ཆེན་ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་མཉམ་འཛུགས་བྱས་པའི་དཔེ་སྟོན་སྡེ་བ”། “མཚོ་སྔོན་མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་སྡེ་བ”བཅས་ཀྱི་འབྲོག་ཁུལ་སྐོར་ཞིག་ཏུ་འཛུགས་སྐྲུན་བྱས་ཡོད། 2013ལོའི་ལོ་མཇུག་བར་དུ་ཀྲུང་དབྱང་ནོར་སྲིད་ཀྱིས་ཁྱིམ་ཚང་རེའི་སྤྱོད་ཁང་རེར་སྒོར400ནས500བར་ཁ་གསབ་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི21485.55བཏང་ཡོད། སྤྱོད་ཁང་ལེགས་བཅོས་ལས་གཞི་ལག་བསྟར་བྱས་པ་བརྒྱུད། མཚོ་སྔོན་རོང་འབྲོག་ཁུལ་གྱི་འགོས་ནད་དང་ནད་འབུའི་ནད་རིགས་བྱུང་ཚད་ལོ་རེ་བཞིན་མར་ཆག་པ་དང་། རོང་འབྲོག་ཁུལ་མང་ཚོགས་ཀྱི་དཔལ་ཡོན་འཕྲོད་བསྟེན་འདུ་ཤེས་མངོན་གསལ་གྱིས་ཇེ་མཐོར་སོང་ལ། བདེ་ཐང་ཤེས་བྱ་རྟོགས་ཚད་དང་མི་སྒེར་གྱི་གཙང་སྦྲའི་བྱ་སྤྱོད་གྲུབ་ཚད་སྔར་བས་ཇེ་ལེགས་སུ་སོང་སྟེ། རོང་འབྲོག་ཁུལ་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་ཆུ་ཚད་གོམ་གང་མདུན་སྤོས་ཀྱིས་ཇེ་མཐོར་སོང་ཡོད།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག