མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པའི་ཚོགས་ཆེན་བསྡུས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-27 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་གཉིས་ཀྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟི་ལིང་ཚོགས་འདུ་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གཏམ་བཤད་གལ་ཆེན་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གཉིས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།

ལོ་ཧོས་ཉིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པའི་ཚོགས་ཆེན་སྟེང་གི་གསུངས་བཤད་ནི། ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་པའི་ཏང་ཁག་མང་པོའི་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ་འཕེལ་རྒྱས་སུ་གཏོང་བའི་རྩ་གནད་རང་བཞིན་གྱི་ཡིག་ཚགས་ཡིན་ལ། མི་དམངས་སྲིད་གྲོས་ལས་དོན་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་པའི་ཐད་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པས། ང་ཚོས་ངེས་པར་དུ་མི་དམངས་སྲིད་གྲོས་བྱ་བའི་ཐད་ཀྱི་ཉམས་མྱོང་རྩ་ཆེན་དང་རྩ་དོན་གལ་ཆེན་དང་། མི་དམངས་སྲིད་གྲོས་ཀྱི་ལས་འགན་གལ་ཆེན་དང་བྱ་བའི་རེ་བ། སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ་ཡི་ཁྱད་འཕགས་དགེ་མཚན་དང་འཕེལ་རྒྱས་ཁ་ཕྱོགས་ལ་རྒྱུས་ལོན་དང་དམ་འཛིན་ནན་མོ་བྱས་ཏེ། འགོ་ཚུགས་ས་གསར་བའི་སྟེང་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་གནས་བབ་གསར་བར་སྐུལ་འདེད་བྱེད་དགོས་ཟེར།

ལོ་ཧོས་ཉིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན། སྲིད་གྲོས་བྱ་བ་གཉེར་མཁན་དང་། དམངས་གཙོའི་ཏང་ཁག་སོ་སོ་དང་མི་དམངས་ཚོགས་ཁག རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣ། མཚོ་སྔོན་སྲིད་གྲོས་ལས་དོན་ཐད་བྱས་རྗེས་བསྐྲུན་མྱོང་བའི་སྐབས་རིམ་པའི་སྲིད་གྲོས་མགོ་ཁྲིད་དང་སྲིད་གྲོས་ཨུ་ཡོན། འབྲེལ་ཡོད་ཀྱི་རྩ་འཛུགས་དང་མི་སྣ་བཅས་ལ། བླ་ན་མེད་པའི་གུས་འདུད་དང་ལྷག་སེམས་རྣམ་དག་གིས་འཚམས་འདྲི་བྱས།

ལོ་ཧོས་ཉིན་གྱིས། རིམ་པ་སོ་སོའི་ཏང་ཨུ་ཡིས་སྲིད་གྲོས་བྱི་བ་དེ་བྱ་བ་ཡོངས་ཀྱི་གོ་གནས་གཙོ་བོར་བཞག་ནས། མི་དམངས་སྲིད་གྲོས་ཀྱི་རྩ་ཁྲིམས་ཁྲིམས་ལུགས་དང་སྲིད་གྲོས་སྒྲིག་ཡིག་ལྟར་དུ་རང་ཚུགས་འགན་ཁུར་དང་མཐུན་སྦྱོར་གཅིག་གྱུར་སྒོས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་པ་དང་། རིམ་པ་སོ་སོའི་སྲིད་གྲོས་ཏང་ཙུའུ་ཡིས་སྲིད་གྲོས་རྩ་འཛུགས་ཁྲོད་ཀྱི་མགོ་ཁྲིད་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

རིན་ཆེན་རྒྱལ་གྱིས་གྲོས་ཚོགས་མཇུག་བསྒྲིལ་སྐབས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། སྲིད་གྲོས་བྱ་བ་གཉེར་མཁན་གྱིས་བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་ཆེན་པོ་གཉིས་དམ་འཛིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་དང་དམ་དུ་དམིགས་ནས། སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་ནན་མོ་བྱེད་པ་དང་། གྲོས་མོལ་དམངས་གཙོའི་ཐད་ཀྱི་ལག་ལེན་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་སྐྱོང་བ་དང་སྲིད་འཛིན་པའི་ཇུས་གཞི་ཆེན་པོ་དོན་འཁྱོལ་བྱེད་པའི་ཐད་གྲུབ་འབྲས་གསར་བ་བསྐྲུན་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཀྱི་ལས་འགན་འཁུར་མྱོང་བའི་བློ་མཐུན་རྒན་པ་དང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྲིད་དཔོན་པོ་གཙོ་བོ་བཅས་ཚོགས་ཆེན་ལ་ཞུགས།

ཟི་ལིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག མི་དམངས་ཚོགས་ཁག་སོ་སོ་དང་མང་ཚོགས་ཚོགས་ཁག་སོ་སོ། མཐོ་རིམ་སློབ་གླིང་། དམངས་གཙོའི་ཏང་ཁག་སོ་སོའི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་སྲིད་གྲོས་ཀྱི་ཀྲུའུ་ཞི། འབྲེལ་ཡོད་ཕྱོགས་སོ་སོའི་འཐུས་མི་བཅས་ཚོགས་ཆེན་ལ་ཞུགས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག