མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་བརྒྱད་ལྷག་ཞིང་ལས་ཉེན་འགོག་ཁྲོད་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-01 11:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་བསྡོམས་རྩིས་ལས་ཤེས་གསལ་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་གྱི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བརྒྱད་ཞིང་ལས་ཉེན་འགོག་ཁྲོད་ཞུགས་ཤིང་། ཞིང་ས་མུའུ་ས་ཡ་གཉིས་དང་ཁྲི་དྲུག་ལྷག་དང་། དྲོད་ཁང་ཁྲི་གཅིག་ལྷག ཕག་མ་སྟོང་གཅིག་དང་ལྔ་བརྒྱ། ཚོ་གསོ་བྱེད་པའི་ཕག་ཁྲི་གསུམ་ལྷག བཞོན་མ་བརྒྱད་བརྒྱ་དོན་དྲུག་སོགས་ལ་དངོས་སུ་འགན་སྒྲུབ་བྱས། མིག་སྔར་གྱོང་གསབ་གྱོད་དོན་ཁྲི་གཉིས་དང་སྟོང་བརྒྱད་ཡོད་ཅིང་། གྱོང་གསབ་གྲོན་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ལྷག་ལ་སོན་ཡོད་ལ། དེས་ཞིང་བ་ཁྱིམ་ཚང་ཁྲི་གཉིས་དང་སྟོང་དགུ་ལ་ཕན་ཁེ་ཐོབ།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་འདི་ཚོར། མཚོ་སྔོན་གྱིས་ཧུར་བརྩོན་ཆེན་པོས་སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་འགོག་བྱ་བར་ཡར་སྐུལ་བྱས་ནས། ཉེན་འགོག་གི་ཁྱབ་ཁོངས་སྔར་ལས་ཇེ་ཆེར་གཏོང་གིན་ཡོད་པ་མ་ཟད། ད་དུང་ཉེན་འགོག་གི་རྣམ་གྲངས་སྔར་ལས་ཇེ་མང་དུ་བཏང་བས། རྒྱུན་ལྡན་ཞིང་ལས་ཉེན་འགོག་ས་ཁུལ་དེ་སྔར་གྱི་རྫོང་གསུམ་ནས་རྫོང་ཉེར་བདུན་ལ་འཕར་ཡོད་པ་དང་། ཉེན་འགོག་རྣམ་གྲངས་སྔར་གྱི་ཉིས་སྟོང་བདུན་ལོའི་ལྔ་ནས་བཅུ་བཞིར་འཕར་ཡོད། དེའི་ཁྲོད་གྲོ་དང་ལོག་དཀར། རི་སྐྱེས་ལོག་དཀར། བོད་ལུག ནོར་གནག ཉ་རིགས་བཅས་འདུ། ཞིང་ལས་ཉེན་འགོག་གི་རྒྱ་ཁྱོན་སྔར་གྱི་ཉིས་སྟོང་བཅུ་གཉིས་ལོའི་མུའུ་ས་ཡ་གཅིག་དང་འབུམ་ལྔ་ནས་མུའུ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་དགུ་ལ་འཕར་སྣོན་བྱུང་ཡོད་ཅིང་། ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྔར་གྱི་ཉིས་སྟོང་བདུན་ལོའི་སྒོར་ས་ཡ་ལྔ་ནས་ད་ལྟའི་སྒོར་བྱེ་བ་གཉིས་དང་ས་ཡ་དགུ་ལྷག་ལ་འཕར་སྣོན་བྱུང་ཡོད་པས། ཞིང་ལས་གནོད་ཐེབས་ཉེན་འགོག་གི་མ་ལག་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།  །   

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག