མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་ཡིག་ངོས་ཡིག་ཚགས་ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-03 11:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡིག་ཚགས་ཅུའུ་དང་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་བྱ་བའི་གཞུང་སྒྲུབ་ཁང་། གཙང་གསུམ་འབྱུང་ཡུལ་ལས་གཞིའི་ཡིག་ཚགས་ཚན་ཁག་བཅས་ཀྱིས་ཡུལ་དངོས་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན(2005ལོ་ནས2013ལོའི་བར)གྱི་ཡིག་ངོས་ཡིག་ཚགས་ལ་ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བྱས། ཞིང་ཆེན་གཙང་གསུམ་འབྱུང་ཡུལ་བྱ་བའི་འབྲེལ་ཡོད་གཏན་འཁེལ་ལྟར། 2013ལོའི་ཟླ8པ་ནས2014ལོའི་ཟླ10བའི་བར་དུ། 2005ནས2013ལོའི་བར་གྱི་བཟོ་སྐྲུན་ཡིག་ངོས་ཡིག་ཚགས་ཀྱི་བསྡུ་སྒྲིག་དང་ལེགས་བཅོས། འབྲེལ་ཡོད་སྒྲིག་ཆས་འཛུགས་སྐྲུན་གྱི་བྱ་བ་ཡོངས་འགྲུབ་བྱ་དགོས།

མིག་སྔའི་བར་དུ། ཡིག་ངོས་ཀྱི་ཡིག་ཚགས་ལ་རིགས་ཆེན་པོ་བཞི་དང་རིགས་ཆུང་བ་ཉེར་བཞིར་བགོས་ཡོད་པའི་ཁྲོད་དུ། ཁྱོན་བསྡོམས་ཡིག་ཚགས་གྲངས་བརྒྱ་དང་སོ་གཅིག་ཡོད་པ་དང་། ཉིས་སྟོང་ལྔ་ལོ་ནས་ཉིས་སྟོང་བཅུ་གསུམ་ལོའི་བར་གྱི་ཡིག་ངོས་ཡིག་ཚགས་ཀྱི་གློག་རྡུལ་དཀར་ཆག་གང་ཡོད་ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་གི་གྲངས་རིག་ཡིག་ཚགས་ལས་སྣོན་བྱ་བའི་ཁྲོད་དུ་བཅུག་མཐར། «མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཡིག་ཚགས་ཕྱོགས་བསྡུས་དོ་དམ་ལམ་ལུགས»སོགས་གཏན་འབེབས་བཟོས་ཏེ། རྩ་བའི་ཡིག་ཚགས་དོ་དམ་གྱི་མ་ལག་དང་སྒྲིག་ཆས་སོགས་ཅུང་འཐུས་སྒོ་ཚང་བའི་ངང་ནས་གསར་འཛུགས་གནང་ཐུབ་པ་བྱུང་ཡོད།  ། 

 ཡར་ཞུ་ལ་ཉན་པ་དང་ཡིག་ཚགས་ཀློག་པ། ཡུལ་དངོས་སུ་བརྩི་བཤེར་བྱས་པ་སོགས་ཀྱི་རྨང་གཞིའི་སྟེང་། ཞིབ་བཤེར་རྩིས་ལེན་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ཞིབ་བཤེར་རྩིས་ལེན་བྱེད་པའི་ཚད་གཞི་དང་མཐུན་ཞིང་། ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་ཐོབ།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག