མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་ཡོངས་ཀྱི་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས4བ་དང་ཞིང་ཆེན་ཏང་ཨུའི་སྐབས12པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་ཞིང་ཆེན་ཁྲིམས་འཛིན་ཐིན་ནས་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-04 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས2ཉིན།  མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས4བ་དང་ཞིང་ཆེན་ཏང་ཨུའི་སྐབས12པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་སྒྲོག་འགྲེལ་མི་སྣ་ཞིང་ཆེན་ཁྲིམས་འཛིན་ཐིན་དུ་སོང་ནས་ཆེད་དུ་སྙན་ཞུ་སྤེལ་བ་དང་། ལས་བྱེད་མང་ཚོགས་ཡོངས་ཀྱི་དགའ་བསུ་ཐོབ།

ཞིང་ཆེན་ཡོངས་ཀྱི་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའམ་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་ཏང་ཨུའི་སྐབས12པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ཚོགས་མིའམ། ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཐིན་ཀྲང་གཞོན་པ་ལིའེ་པའོ་ལིན་གྱིས་དུས་རབས་གསར་བའི་ནང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་མོ་བླངས་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཛུབ་སྟོན་བསམ་བློ་དང་། སྤྱིའི་དམིགས་འབེན། རྩ་དོན་སོགས་ཤེས་རྟོགས་བྱུང་དགོས་པ་དང་། ཏང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་པ་དང་།  ནན་ནན་ཏིག་ཏིག་གིས་ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་ལས་འགན་སོ་སོ་ལག་ལེན་བྱེད་པ་དང་ཞིང་ཆེན་ཏང་ཨུའི་སྐབས12པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དང་ཟུང་འབྲེལ་བྱས་པ་བརྒྱུད། ཁྲིམས་ལྟར་མཚོ་སྔོན་སྐྱོང་བའི་དོན་ཚན་ལ་གོ་བ་གཏིང་ཟབ་མོ་ལེན་དགོས་པར་བསྟན།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག