མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་གཏིང་ཟབ་དུ་སྤེལ་བ་དང་རྩ་ཁྲིམས་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-05 11:14

ཟླ12པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་གྱིས་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་གཏིང་ཟབ་དུ་སྤེལ་བ་དང་རྩ་ཁྲིམས་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན་ནི་རང་རྒྱལ་གྱི“རྒྱལ་ཁབ་རྩ་ཁྲིམས་ཉིན་མོ”ཐོག་མ་ཡིན་པ་དང་།  ཉིན་དེའི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་ཁྲིམས་ཐིན་གྱིས་མཉམ་དུ“མཚོ་སྔོན་ཞིང་ཆེན་གྱིས་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་གཏིང་ཟབ་དུ་སྤེལ་བ་དང་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ”བསྡུས།  ཞིང་ཆེན་དམངས་འཐུས་ཆེན་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་རིན་གཞོན་པ་མུ་ཏོན་ཧྲིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གལ་ཆེན་གནང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མྰ་ཝུས་ཚོགས་འདུར་འགོ་འཛིན་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། མྰ་ཝུས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས“རྒྱལ་ཁབ་རྩ་ཁྲིམས་ཉིན་མོ”ཐོན་ལ་ཉེ་སྐབས་མཛུབ་སྟོན་གལ་ཆེན་གནང་བ་དང་ཨུ་ཡོན་ཀྲང་ཀྲང་ཏུག་ཅིང་གིས་ཟླ12པའི་ཚེས3ཉིན་པེ་ཅིན་དུ་བསྡུས་པའི“རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་གཏིང་ཟབ་དུ་སྤེལ་བ་དང་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུའི”སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་རྒྱུད་སྒྲོག་བྱས།

མུ་ཏོན་ཧྲིན་གྱིས་གཏམ་བཤད་ཁྲོད་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས4བ་ལས་ལོ་རེའི་ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཡིན་པར་གཏན་འཁེལ་བྱས་པ་དང་།  འདིས་རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་དུ་འགྲོ་བ་དང་རྩ་ཁྲིམས་ཀྱི་དབང་གྲགས་འགན་སྲུང་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པར་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག