མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་རྒན་གསོ་དང་དབང་བོ་སྐྱོན་ཅན་ཞབས་ཞུའི་ཐད་སྒོར་ཁྲི5000བཏང་།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-06 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་དངུལ་གཏོང་བྱེད་ཐབས་གསར་སྒྱུར་བྱས་ཏེ། སྤྱི་ཚོགས་མ་རྩ་སྤྱི་བའི་ཞབས་ཞུའི་ལས་རིགས་ལ་ཞུགས་སུ་བཅུག མིག་སྔར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི5000བཏང་ནས། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ནས་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ལ་རྒན་གསོ་དང་དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་བཙོང་བའི་བྱ་བ་ཚོད་ལྟ་བྱས།

རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་ཀྱི་ཐད་ནས། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མི་ཚོགས་དང་ཞབས་ཞུའི་རྣམ་གྲངས་མི་འདྲ་བར་གཞིགས་ནས། སྒོར་མོ་ངེས་གཏན་འབུལ་བའི་ཚད་གཞི་ལྟར། ཆེད་ལས་ཅན་གྱི་རྒན་གསོའི་ཞབས་ཞུའི་ངོས་ནས་ཁྱིམ་སྡོད་རྒན་གསོ་དང་རྩ་འཛུགས་རང་བཞིན་གྱི་རྒན་གསོ་གཉིས་ཉོ་སྒྲུབ་བྱེད་ཀྱིན་ཡོད། དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་ཉོ་སྒྲུབ་ཐད། སྤྱི་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་ན་ཚ་དྲག་བསྐྱེད་དང་གསོ་འགེབ་ལས་དོན་གཞན་གྱིས་བྱེད་པ། བཅའ་ཁྲིམས་ཀྱི་རོགས་འདེགས་བྱེད་པ། བཀག་རྒྱ་མེད་པའི་སྒྲིག་ཆས་ལེགས་བཅོས། ཁ་ལོ་བའི་ལག་རྩལ་ཟབ་སྦྱོང་། རིག་གནས་སོགས་ཀྱི་ཞབས་ཞུ་ཉོ་སྒྲུབ་བྱེད་ཀྱིན་ཡོད།  ། 

དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་ཉོ་སྒྲུབ་ཐད་ནས་གཙོ་བོར་སྤྱི་ཚོགས་རྩ་འཛུགས་ལ་དབང་བོ་སྐྱོན་ཅན་གྱི་བདེ་གསོ་དང་གསོ་སྐྱོང་། བཅའ་ཁྲིམས་རོགས་སྐྱོར། རླངས་འཁོར་ལག་རྩལ་གསོ་སྦྱོང་དང་རིག་གནས་སོགས་ཞབས་ཞུ་ཉོ་སྒྲུབ་བྱས་པ་མ་ཟད། ཞབས་ཞུ་མཇུག་རྫོགས་རྗེས་གཅིག་གྱུར་གྱི་ཚད་གཞི་ལྟར་ཞབས་ཞུ་འདོན་སྤྲོད་བྱེད་ཡུལ་ལ་གླ་ཕོག་འགྲེམ་གཏོང་བྱེད་པ་དང་།  རྣམ་གྲངས་འདི་དག་ལག་བསྟར་བྱས་པ་བརྒྱུད། ཚད་ངོས་ཅན་ཞིག་གི་སྟེང་ནས་རང་ཞིང་གི་དབང་བོ་སྐྱོན་ཅན་ཚོའི་བདེ་གསོ་ཆུ་ཚད་ཇེ་མཐོར་གཏོང་བ་དང་དབང་བོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་བྱེད་པ་བཅས་ལ་ལེགས་བཅོས་ཐོབ་ངེས་བས། དབང་བོ་སྐྱོན་ཅན་གྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག