མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཁང་རྙིང་གཞིས་ཁུལ་གྱི་ཁྱིམ་ཚང་ཁྲི11.0509ལྷག་ལ་འགན་སྲུང་སྡོད་ཁང་འཛུགས་སྐྲུན་བྱས་ཏེ་ལེགས་འགྲུབ་བྱུང་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-07 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2014ལོར། མཚོ་སྔོན་གྱིས་མཁར་གྲོང་འགན་སྲུང་རང་བཞིན་གྱི་སྡོད་ཁང་གསར་འཛུགས་དང་གཞིས་ཁུལ་གྱི་ཁང་རྙིང་བསྒྱུར་བཀོད་བྱེད་པའི་ལས་འགན་ཁྱོན་བསྡོམས་ཁྱིམ་ཚང་ཁྲི11.0509ཡིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་ཟླ11པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་བསྡོམས་སྡོད་ཁང་ཁྲི11.0513འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་ཁང་རྙིང་གཞིས་ཁུལ་ལེགས་བཅོས་ཀྱི་ལོ་གཅིག་གི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་།

ཟླ11པའི་ཟླ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་སྡོད་ཁང་ཁྲི11.0513ལས་འགོ་བརྩམས་པ་དང་། དེའི་ནང་གཞུང་གླ་ཁང་བ་ཁྲི1.4608ཡོད་པ་དང་། གྲོང་ཁྱེར་ཁང་རྙིང་གཞིས་ཁུལ་གྱི་ལེགས་བཅོས་ཁང་པ་ཁྲི9.026ལྷག་ཡོད་ལ། རྒྱལ་དབང་བཟོ་ལས་གཞིས་ཁུལ་གྱི་ཁང་རྙིང0.4184ལྷག་ལེགས་བཅོས་བྱས། ཉེན་ཁ་ཆེ་བའི་ཁང་0.1461ལྷག་ལེགས་བཅོས་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག