མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་དབྱང་གིས་ཀྲིག་ཡུང་ཁང་གི་སྒྲིག་འགལ་གྱི་གྱོད་དོན་ཚབས་ཆེན་ལ་ཞིབ་བཤེར་དང་ཐག་གཅོད་རྒྱུའི་ཐག་བཅད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-08 11:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཚེས5ཉིན་མགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གིས་ཀྲིག་ཡུང་ཁང་གི་སྒྲིག་འགལ་གྱི་གྱོད་དོན་ཚབས་ཆེན་ལ་ཞིབ་བཤེར་དང་ཐག་གཅོད་བྱེད་རྒྱུའི་ཆོད་དོན་ལ་སློབ་སྦྱོང་དང་དེ་བརྒྱུད་སྒྲོག་བྱས། ལས་གནས་སྟེང་གི་ཞིང་ཆེན་གཞོན་པ་རིམ་པ་ཡན་ཆད་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཞིང་ཆེན་གཞོན་པ་རིམ་པ་ཡན་ཆད་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་གྲོས་ཚོགས་སུ་ཞུགས། ཚང་མས་ཡོངས་ཁྱབ་ཀྱིས་ཏང་ཀྲུང་དབྱང་གིས་ཀྲིག་ཡུང་ཁང་ཏང་ནང་ནས་འཕུད་རྒྱུ་དང་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་ཐག་གཅོད་དུ་འཇུག་རྒྱུའི་ཐག་བཅད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་དང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱེད་རྒྱུ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་ཚད་མཐོའི་གཅིག་གྱུར་བྱེད་རྒྱུ་ཡིན་ཞེས་བསྟན།

གྲོས་ཚོགས་ནས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་བྱེད་ཤུགས་ཇེ་ཆེར་བཏང་ནས། “སྟག་སྦྲང་མཉམ་གསོད”བྱེད་རྒྱུ་རྒྱུན་འཁྱོངས་བྱས་པར་ཚང་མའི་རྒྱབ་སྐྱོར་ཐོབ་ཡོད། ཀྲུང་དབྱང་གིས་ཀྲིག་ཡུང་ཁང་གི་གྱོད་དོན་ཐག་གཅོད་རྒྱུའི་ཐག་བཅད་དེས། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་དང་འདོད་བློ་བརྟན་པོ་གང་ལེགས་སྒོས་མཚོན་པ་དང་། ཏང་ཀྲུང་དབྱང་གིས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པ་དང་། རུལ་སུངས་ལ་བློ་བརྟན་འགྱུར་མེད་སྒོས་ངོ་རྒོལ་བྱེད་པའི་འདོད་བློ་བརྟན་པོ་དང་རྣམ་འགྱུར་གསལ་བོ་གང་ལེགས་སྒོས་མཚོན་ཡོད་ལ། ང་ཚོའི་ཏང་གིས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་མདུན་ནས་མི་ཚང་མ་འདྲ་མཉམ་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པར་ཁྱད་པར་མེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་གང་ལེགས་སྒོས་མཚོན་ཡོད་པ་དང་། ང་ཚོའི་ཏང་གིས་རང་སྟེང་ནས་གཙང་སྒྱུར་དང་གསར་སྒྱུར་བྱེད་པའི་ཆབ་སྲིད་ཀྱི་སྤོབས་པ་དང་འགན་ཁུར་གསལ་བོར་མཚོན་ནས། ང་ཚོའི་ཏང་གི་ལས་དོན་ཐད་ཀྱི་ཡོད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་བར་སྙམ།

གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་ནང་སྒོས་སུ་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དང་། སྔར་ལས་རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོབ་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་ཚད་མཐོའི་གཅིག་གྱུར་བྱེད་དགོས་ལ། སྣེ་ཁྲིད་དེ་ཏང་གི་རྩ་འཛུགས་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱེད་པ་དང་། རྩ་འཛུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རྩ་འཛུགས་རྩ་དོན་རྒྱུན་འཁྱོངས་བྱེད་པ། རྩ་འཛུགས་ལམ་ལུགས་དངོས་འབེབས་བྱེད་པ་དང་། རྩ་འཛུགས་དོ་དམ་ལ་ཤུགས་བསྣན་ནས། རང་རྟོགས་སྒོས་ཏང་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དེང་སྐབས་མཚོ་སྔོན་གྱི་བཅོས་སྒྱུར་དང་། འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་དོན་ཐ་དག་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་རང་དཔེ་གཞན་སྟོན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་ཡར་སྐུལ་བྱས་ནས། ཀྲུང་དབྱང་གི་དགོངས་དོན་མཚོ་སྔོན་ནས་བློ་ཐག་རྦད་ཆོས་ཀྱིས་ལག་བསྟར་བྱས་ཏེ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་ལ་བཀོད་འདོམས་བྱེད་པ་དང་། བྱ་བའི་ཕན་འབྲས་བཟང་བོས་ཏང་ཀྲུང་དབྱང་དང་མི་དམངས་མང་ཚོགས་ཡིད་ཚིམ་པར་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག