མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧྲན་ཏོན་ཞིང་ཆེན་གྱིས་རང་ཞིང་མཚོ་བྱང་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རོགས་སྐྱོར་ཆེན་པོ་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-09 10:57

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རོགས་འཛུགས་རྣམ་གྲངས་དང་ལག་རྩལ་གསོ་སྦྱོང་། གཟིགས་སྐྱོང་སྲིད་ཇུས། སློབ་སྦྱོང་བརྗེ་རེས་བྱེད་པ་སོགས2014ལོར་ཧྲན་ཏོན་ཞིང་ཆེན་གྱིས་ཕྱོགས་མང་པོའི་རོགས་སྐྱོར་བྱས་པ་བརྒྱུད། ནུས་ཤུགས་ཡོད་པའི་སྒོ་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

2014ལོར་ཧྲན་ཏོན་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་ཡུལ་མཚོ་བྱང་ཁུལ་ལ་རྣམ་གྲངས39བཀོད་སྒྲིག་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར1.66བཏང་།  དེའི་ནང་དམངས་འཚོ་ལེགས་བསྒྱུར་རྣམ་གྲངས33དང་མ་དངུལ་སྒོར་དུང་ཕྱུར1.4དང་། བཟོ་ལས་ཐོན་ལས་འཕེལ་རྒྱས་རྣམ་གྲངས1དང་མ་དངུལ་སྒོར་དུང་ཕྱུར་ཁྲི900། སྐྱེ་ཁམས་འཛུགས་སྐྲུན་རྣམ་གྲངས1དང་མ་དངུལ་སྒོར་ཁྲི320། གཞི་རིམ་གྱི་རྩ་འཛུགས་དང་གཡུལ་ས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས1དང་མ་དངུལ་སྒོར་ཁྲི1000བཏང་།  ཏང་སྲིད་ལས་བྱེད་པ་དང་ཆེད་ལས་ལག་རྩལ། རོང་འབྲོག་པའི་གསོ་སྦྱོང་རྣམ་གྲངས2དང་མ་དངུལ་སྒོར་ཁྲི200དང་གྲ་སྒྲིག་རྣམ་གྲངས1དང་མ་དངུལ་སྒོར་ཁྲི145བཅས་བཏང་ཡོད་ལ། རྣམ་གྲངས་འདི་དག་ཁྲོད་ཀྱི་རྣམ་གྲངས13ད་ལྟ་ལེགས་འགྲུབ་བྱུང་ཡོད།

དུས་མཚུངས་སུ་མཚོ་བྱང་ཁུལ་གྱིས་ཧུར་ཐག་སྒོས་ཧྲན་ཏོན་ཞིང་ཆེན་དང་མཐུན་སྦྱོར་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་།  སྔ་གཞུག་ཏུ་ཐེངས22ལ་ཕན་ཚུན་འགྲོ་འོང་བྱས་པ་དང་།  སྡེ་ཁག་ལ་ལས་ད་དུང་མཐུན་སྦྱོར་མཉམ་ལས་བྱེད་པའི་གན་རྒྱ་བཞག་པ་དང་ཕན་ཚུན་གྱི་སློབ་གྲྭ་ཆུང་འབྲིང་10། སྨན་ཁང3བར་ཁ་གཏད་རོགས་སྐྱོར་བྱེད་པའི་གན་རྒྱ་བཞག  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག