མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཙང་གསུམ་འབྱུང་ཡུལ་གྱི་བཟོ་འགོད་འཛུགས་སྐྲུན་སྡེ་ཁག55ལ“ལས་བཟོ་བ་གདོང་ལེན་པའི”མཚན་སྙན་ཐོབ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-10 11:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་སྐབས་གཉིས་པའི་ཁྲོད་བྱས་རྗེས་བཞག་པའི་སྔོན་ཐོན་སྡེ་ཁག55ལ“ལས་བཟོ་བ་གདོང་ལེན་པའི”མཚན་སྙན་གནང་བ་དང་།  ཞིང་ཆེན་ངལ་རྩོལ་འགྲན་བསྡུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་གཉིས་ཀྱིས་སྔོན་ཐོན་སྡེ་ཁག་ལ་དར་ཆ་གནང་བའི་མཛད་སྒོ་བསྡུས།

གཟེངས་བསྟོད་ཐོབ་པའི་སྡེ་ཁག་ནི་མཚོ་སྔོན་མྰ་ཁུ་ཧུ་ནགས་ལས་ཅུའུ་པན་ཆེན་ནགས་ལས་ཁང་དང་། མཚོ་སྔོན་དངོས་ཟོག་ཐོན་སྐྱེད་སྐྱེལ་འདྲེན་ཚད་ཡོད་འགན་ལེན་ཀུང་ཟི་སོགས་སྡེ་ཁག55བཅས་ཡིན།  སྐྱེ་ཁམས་སྲུང་སྐྱོང་བྱེད་པ་ནི་རང་ཞིང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་པའི་བྱ་གཞག་དང་པོ་ཡིན་པ་དང་། མཚོ་སྔོན་གྱི་མ་འོངས་བའི་ཐབས་ཇུས་ཀྱང་ཡིན།  ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལས་བཟོ་བ་ཚང་མས་དུས་དང་རྣམ་པ་ཀུན་ཏུ་ཞིང་ཆེན་ཏང་ཨུས་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།  མཚོ་སྔོན་མཐོ་སྒང་དུ“ལས་བཟོ་བ་གདོང་ལེན་པའི”བྱ་འགུལ་སྤེལ་བརྒྱུད། རྒྱ་ཆེའི་ལས་བཟོ་བའི་བདག་པོའི་སྙིང་སྟོབས་ལག་ལེན་བྱེད་པ་དང་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས་པའི་འབོད་སྐུལ་བཏང་།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག