ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཟི་ལིང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ཁོས་བསྟན་དོན། སྡོད་ཁང་དང་ལས་རིགས་གཉིས་ཕན་གྱི་འཚོ་བའི་མཁར་གྲོང་འཛུགས་སྐྲུན་ལྟེ་བར་བཟུང་ནས། བདེ་སྐྱིད་དང་འབྱོར་ཕྱུག་གཉིས་ལྡན་གྱི་འཚོ་བ་འཛུགས་སྒྲུབ་བྱེད་པ་དམིགས་འབེན་དུ་བཟུང་བ་བརྒྱུད། མི་དམངས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་དང་ཕན་འབྲས་གང་ལེགས་བསྐྲུན་ཅི་ཐུབ་བྱ་དགོས་ཟེར།

འཐུས་ཚབ་པ་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་མཚོ་སྔོན་ཞིང་ཆེན་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུ་ལྟེ་བར་བཟུང་ནས་གྲོས་བསྡུར་ཡག་པོ་བྱས་པ་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་བྱ་བ་དངོས་དང་དམ་པོར་སྦྲེལ་ཏེ། གནད་དོན་འདོན་པ་དང་གྲོས་གཞི་འདོན་པ། བསམ་བློ་བཅས་གླེང་ནས། གཏམ་བཤད་འཁྲུག་ཆ་དོད་པོ་བྱས་པ་རེད།

ལོ་ཧོས་ཉིན་གྱིས་སྔ་ཕྱིར་ཝང་ཡོས་པོ་དང་སུའུ་ལེ་ཧུང་། ལིག་ཡོང་ཀོས་བཅས་ཀྱི་འཐུས་མིའི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། འདས་ཟིན་པའི་ལོ་ངོ་གཅིག་གི་རིང་དུ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་ཀུན་ལ་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཏང་གི་ཡང་དག་པའི་མགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་གཅིག་ཅན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས། ས་གནས་རྒྱལ་ཁབ་བདག་དབང་དང་འབྲེལ་བའི་ལས་ཁུངས་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་པར་བརྟེན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ཐད་བྱས་རྗེས་བླ་མེད་བཞག་ཡོད། མཚོ་སྔོན་ཞིང་ཆེན་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་མཚོ་སྔོན་ཞིང་ཆེན་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་འགན་བབ་ལས་དོན་ཡོད་རྒུ་འཐུས་ཤོར་མེད་པའི་ངང་བསྒྲུབས་མཐར། སྤྱི་ཚོགས་བརྟན་འཇགས་དང་མི་དམངས་བདེ་སྡོད་འཛུགས་སྐྲུན། སྤྱི་ཚོགས་འདྲ་མཉམ་དྲང་བཞག་ཡོང་བ་བཅས་ཀྱི་ཐད་བྱེད་ནུས་མི་དམན་པ་བཏོན་ཡོད་པས། ང་རང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁྲིམས་ཁང་གཉིས་ཀྱི་བྱ་བའི་སྙན་ཞུར་ཡོངས་སུ་འཐད་པ་ཡིན་ཟེར།

ལོ་ཧོས་ཉིན་གྱིས་བསྟན་དོན། ཟི་ལིང་གྲོང་ཁྱེར་གྱིས་ཉིས་སྟོང་བཅུ་བཞི་ལོའི་ལས་དོན་ཡོད་རྒུ་ཡོངས་འགྲུབ་བྱས་པའི་རྨང་གཞིའི་སྟེང་དུ། ལོ་གསར་བའི་འོས་འགན་མཐའ་དག་ཡོངས་འགྲུབ་བྱ་དགོས་ན། གཤམ་གྱི་དོན་བྱ་ལྔ་ཅིས་ཀྱང་འཐུས་ཤོར་མེད་པའི་ངང་བསྒྲུབ་དགོས་ཏེ། གཅིག མཐོ་རིམ་བྱ་བར་ཡར་སྐུལ་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། གཉིས། འགྲིམ་འགྲུལ་དྲ་རྒྱའི་མ་ལག་ལ་ལེགས་བཅོས་གང་ལེགས་གཏོང་དགོས། གསུམ། འཆར་འགོད་དོ་དམ་དང་ཚོད་འཛིན་གྱི་བྱ་བ་སྔར་ལས་འཐུས་ཚང་ཡོང་བར་འབད་དགོས། བཞི། སྤྱི་སྤྱོད་རླངས་འཁོར་ཤར་རྒྱུག་གི་ལས་དོན་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བར་བརྩོན་དགོས། ལྔ། དོ་དམ་ཞབས་ཞུའི་བྱེད་ནུས་སྔར་ལས་ཇེ་དྲག་ཏུ་གཏོང་བར་འབུངས་དགོས་པ་བཅས་ཡིན་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།