ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཝང་ཡུས་ཧོ་དང་། སྙིང་མོ་བྱམས། ནོར་སྡེ་བཅས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ཡར་སྐུལ་བྱེད་པའི་ཐད་ལ་གྲོས་གཞི་བཏོན་ནས་བཤད་རྒྱུར། རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་བྱ་བ་ཡར་སྐུལ་བྱེད་དགོས་པ་དང་། ཁྲིམས་འཛུགས་པ་དང་བསྟུན་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་ཐད་ནས་རྒྱལ་ཁབ་ཀྱི་འདོད་བློ་དང་དམངས་ཡོངས་ཀྱི་འོས་འགན་ཇེ་མཐོར་གཏོང་དགོས་ཟེར།

གྲོས་གཞིའི་ནང་བཤད་རྒྱུར། རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁྲིམས་འཛུགས་བྱ་བ་མྱུར་དུ་ལག་བསྟར་བྱེད་དགོས་ན། གཅིག་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་ལ་མ་དངུལ་གཏོང་ཤུགས་གསལ་བོ་བྱས་ནས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་མང་ཚོགས་ལ་ཁ་གསབ་སྟེར་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཕན་ནུས་ནང་རྐྱེན་འཛུགས་དགོས། གཉིས་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁ་གསབ་ལམ་ལུགས་བཅའ་ཁྲིམས་ཅན་དང་། གོ་རིམ་ཅན། རྒྱུན་ལྡན་ཅན་དུ་འགྱུར་དགོས། གསུམ་ནས་སྔར་ལས་གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཞི་ཁྱོན་དང་། ནང་དོན། ཁྲིམས་འགལ་འགན་ཁུར་གསལ་བོ་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྩ་འཛིན་ནང་རྐྱེན་ཆགས་སུ་འཇུག་དགོས། བཞི་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་དཔལ་འབྱོར་རིན་ཐང་གསལ་བོ་བྱེད་པ་དང་། སྐྱེ་ཁམས་ཐོན་ཁུངས་བཀོལ་སྤྱོད་དང་ཡར་སྐུལ་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཚོང་རར་མ་དངུལ་གཏོང་བའི་ནང་རྐྱེན་དང་སྤྱི་སྤྱོད་སྐྱེ་ཁམས་ཐོན་ཁུངས་ཀྱི་ཞིང་ཆེན་བར་གྱི་ཉོ་ཚོང་ལམ་ལུགས་འཛུགས་དགོས། ལྔ་ནས་གཙང་གསུམ་འབྱུང་ཡུལ་གྱི་སྒྲིག་སྲོལ་འཐུས་ཚང་དང་། མང་ཚོགས་ཀྱི་རང་སྟོབས་རང་སྤེལ་གྱི་ལམ་ལུགས་འགན་སྲུང་དང་ཐོན་ལས་རྨང་གཞི་བཙུགས་ནས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་ཚོགས་དོ་མཉམ་ཅན་དུ་འཕེལ་རྒྱས་སུ་གཏོང་བར་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

གཅིག་ནས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་ལ་མ་དངུལ་གཏོང་མཁན་དང་ལག་བསྟར་བྱེད་མཁན། ཕན་ཁེ་ཐོབ་མཁན་དང་ཁ་གསབ་བྱེད་ཡུལ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དུས་ཡུན་རིང་བའི་ལམ་ལུགས་གཏན་འཁེལ་བྱེད་པ་དང་། གཉིས་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་ལམ་ལུགས་ཁྲིམས་ལུགས་ཅན་དང་གོ་རིམ་ཅན། རྒྱུན་ལྡན་རང་བཞིན་དུ་གཏོང་དགོས་པ། གསུམ་ནས་སྔར་ལས་ལྷག་པར་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་གི་ཁྱབ་ཁོངས་དང་ནང་དོན། ཁྲིམས་འགལ་གྱི་འགན་འཁྲི་སོགས་གཏན་འཁེལ་བྱེད་དགོས་པ། བཞི་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་དཔལ་འབྱོར་རིན་ཐང་གཏན་འཁེལ་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་བྱེད་པ་དང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་གི་ཚོང་རའི་དངུལ་གཏོང་ལམ་ལུགས་དང་སྤྱི་སྤྱོད་སྐྱེ་ཁམས་ཐོན་ཁུངས་ཞིང་ཆེན་ཕྱི་བར་གྱི་ཉོ་ཚོང་ལམ་ལུགས་གཏན་འཁེལ་བྱེད་པ། ལྔ་ནི་གཙང་གསུམ་འབྱུང་ཡུལ་གྱི་ལམ་ལུགས་དང་མང་ཚོགས་རང་ཁ་རང་གསོའི་ལམ་ལུགས་འགན་སྲུང་དང་ཐོན་ལས་རྨང་གཞི་འཐུས་ཚང་དུ་བཏང་སྟེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤྱི་ཚོགས་ཆ་སྙོམས་ཀྱི་འཕེལ་རྒྱས་ལ་ཁྲིམས་ལུགས་ཐད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་བཅས་ཡིན།   །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།