ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱིའི་རུ་ཁག་གིས་ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གཞི་གཅིག་ཅན་གྱི་ཁྱིམ་ཐོར་བརྟག་དཔྱད་བྱས་པའི་མཇུག་འབྲས་བརྡ་ཁྱབ་སྤེལ་བ་ལྟར་ན། ཉིས་སྟོང་བཅུ་བཞི་ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཚང་མའི་ཆ་སྙོམས་སློབ་གསོ་མྱངས་ཚད་ལོ་བརྒྱད་ཙམ་ཡིན་ཞིང་། དེའི་ཁྲོད་མཁར་གྲོང་སྡོད་དམངས་ཀྱི་སློབ་གསོ་མྱངས་ཚད་ལོ་བཅུ་ཙམ་དང་། ཞིང་སྡེ་སྡོད་དམངས་ཀྱི་སློབ་གསོ་མྱངས་ཚད་ལོ་དྲུག་བཅས་ཡིན་པས། མཁར་གྲོང་དང་ཞིང་གྲོང་དབར་གྱི་བར་ཁྱད་ལོ་བཞི་ཙམ་རེད།

ངལ་རྩོལ་པའི་ཆ་སྙོམས་སློབ་གསོ་མྱངས་ཚད་ལ་གཞིག་ན། སྡོད་དམངས་ཡོངས་ཀྱི་སློབ་གསོ་མྱངས་ཚད་ལོ་བརྒྱད་ཙམ་ཡིན་པ་དང་། དེ་ནི་དམའ་འབྲིང་ལོ་རིམ་གཉིས་པའི་རིག་གནས་ཆུ་ཚད་དང་ཉེ། དེའི་ཁྲོད། མཁར་གྲོང་སྡོད་དམངས་ཀྱི་སློབ་གསོ་མྱངས་ཚད་ལོ་བཅུ་ལྷག་ཡིན་པ་དང་། དེ་ནི་ཕལ་ཆེར་མཐོ་འབྲིང་ལོ་རིམ་དང་པོའི་རིག་གནས་ཆུ་ཚད་དང་འདྲ་མཚུངས་རེད། ཞིང་སྡེ་སྡོད་དམངས་ཀྱི་སློབ་གསོ་མྱངས་ཚད་ལོ་དྲུག་ལྷག་ཡིན་པ་དང་། དེ་ནི་ཕལ་ཆེར་སློབ་ཆུང་སློབ་མའི་རིག་གནས་ཆུ་ཚད་ལ་ཉེ་ཙམ་ཡིན་པས། མཁར་གྲོང་དང་ཞིང་སྡེ་དབར་གྱི་རིག་གནས་བར་ཁྱད་ལོ་བཞི་ཙམ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།