ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཁང་རྙིང་སྒྱུར་བཀོད་བྱེད་རྒྱུ་ནི་དམངས་འཚོ་བཟོ་སྐྲུན་དང་འཕེལ་རྒྱས་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པ་དང་། མིག་སྔར་མཚོ་སྔོན་གྱི་མང་ཚོགས་སྐོར་ཞིག་སྔར་བཞིན་དུ་ཁང་སྙིང་ནང་དུ་བསྡད་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་ཨུ་ཡོན་ཀྲང་ཀྲིག་ཕེན་གྱིས་གྲོས་གཞི་འདོན་སྐབས་མཚོ་སྔོན་ཞིང་ཆེན་གྱི་ཁང་རྙིང་སྒྱུར་བཀོད་ཀྱི་ཀྲུང་དབྱང་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།

ཀྲང་ཀྲིག་ཕེན་གྱིས་བཤད་རྒྱུར། ཞིབ་བཤེར་སྡོམ་རྩིས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དུ་ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར་དུ་སྒྱུར་བཀོད་བྱེད་པའི་ཁང་རྙིང་འབུམ་གཅིག་དང་ཁྲི་བདུན་ལྷག་ཡོད། ཁང་རྙིང་སྒྱུར་བཀོད་བྱེད་རྒྱུ་ནི་དེང་སྐབས་དང་ཕྱིན་ཆད་དུ་རང་ཞིང་མཁར་གྲོང་གི་འགན་སྲུང་རང་བཞིན་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་བྱ་བ་གཙོ་བོ་ཡིན། ཡིན་ནའང་གནས་ཚུལ་དངོས་ལ་བལྟས་ན། རང་ཞིང་གི་ཁང་རྙིང་སྒྱུར་བཀོད་བྱེད་པའི་ཁྲོད་དུ་ཚོང་རར་བརྟེན་ནས་འཁོར་རྒྱུགས་བྱེད་པའི་དཀའ་ཚེགས་ཆེ་ཞིང་ཀྲུང་དབྱང་གི་ཁ་གསབ་ཚད་གཞི་དམའ་བ་དང་མང་ཚོགས་རང་གིས་མ་དངུལ་བསྡུ་དཀའ་བ་སོགས་ཀྱི་གནད་དོན་གནས་ཡོད། དེ་བས་ཀྲང་ཀྲིག་ཕེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཁང་རྙིང་སྒྱུར་བཀོད་ཐད་ལ་ཁྱད་པར་ཡོད་པའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཏེ། རང་ཞིང་གི་ཁང་རྙིང་སྒྱུར་བཀོད་ཀྱི་ཀྲུང་དབྱང་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བ་དང་མ་དངུལ་གནོན་ཤུགས་ཇེ་ཆུང་དུ་བཏང་ནས། ཁང་རྙིང་སྒྱུར་བཀོད་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས་པའི་གྲོས་གཞི་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།