ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་བདུན་ཉིན་གྱི་སྔ་དྲོར། མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཉིས་སྟོང་བཅུ་བཞི་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅོ་ལྔ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་ཐད་ཀྱི་འཆར་ཟིན་སྙན་ཞུ་གཉིས་ལ་གྲོས་ཞིབ་བྱས་པ་མ་ཟད། ད་དུང་ཉིས་སྟོང་བཅུ་བཞི་ལོའི་ཀྲུང་དབྱང་ས་གནས་སྔོན་རྩིས་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་དང་། ཉིས་སྟོང་བཅོ་ལྔ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྙན་ཞུ་གཉིས་ལའང་གྲོས་ཞིབ་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལོ་ཧོས་ཉིན་གྲོས་ཞིབ་བྱ་བའི་ཁྲོད་ཞུགས་པ་དང་། རྒྱལ་ཁོངས་ཐོན་ཁུངས་པུའུ་ཀྲང་ཅང་ཏ་མིན་གྱིས་གྲོས་ཞིབ་དངོས་ལ་གཟབ་ཉན་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧའོ་ཕིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད།

འཐུས་མི་རྣམས་ཀྱིས་རང་རང་གི་ལྟ་ཚུལ་གསོང་བོར་བརྗོད་དེ། གྲོས་ཚོགས་ཀྱི་གཏམ་གླེང་ལ་འཁྲུག་ཆ་དོད་པོ་བྱུང་། འཐུས་མི་རྣམས་ཀྱིས་འཆར་འགོད་དང་སྔོན་རྩིས་གཉིས་ཀྱི་སྙན་ཞུར་གདེང་འཇོག་ཚད་མཐོན་པོ་བྱས་ཏེ། ཚང་མས་མགྲིན་གཅིག་ཏུ་སྙན་ཞུ་དེ་གཉིས་ཀྱིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མངོན་པར་མཚོན་ཡོད་པ་མ་ཟད། དོན་དངོས་དང་གཞི་འཛིན་ས་ཡོད་པའི་གྲངས་ཀར་བརྟེན་ནས། བྱ་བའི་གྲུབ་འབྲས་དང་གནད་དོན་འདོན་པ། བྱ་བའི་གནད་གཙོ་བོ་གླེང་ཐུབ་ཡོད་པ་ལས་གཞན། ད་དུང་བཏོན་པའི་ནང་དོན་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་། འོས་འགན་མངོན་གསལ་དོད་པོ་ཡིན་པ། བྱེད་ཐབས་གཟབ་ནན་ཞིབ་ཕྲ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དོན་དང་ཁྱབ་ཁོངས་སྔར་ལས་ཆེར་བསྐྱེད་གནང་བ་བརྒྱུད། སྙན་ཞུ་འདི་གཉིས་ཀྱི་ཁྲོད་འབུར་ཐོན་ཅན་གྱི་ལྟ་ཚུལ་དང་མཚོ་སྔོན་རང་གི་ད་ཡོད་གནས་བབ་ལ་ཕན་པའི་ཇུས་གཞི་མང་པོ་ལྡན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།