ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྲོས་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་ཨུ་ཡོན་ཀྲང་ཀྲིག་ཕེན་གྱིས་མཚོ་སྔོན་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུའི་གྲོས་གཞི་བཏོན།

ཀྲང་ཀྲིག་ཕེན་གྱིས་བཤད་རྒྱུར། སྐོར་ཐེངས་གསར་བའི་སྨན་བཅོས་དག་ཐེར་སྤེལ་བའི་ཚུན་ལ། རྒྱལ་ཁབ་ཀྱི་རོགས་སྐྱོར་ཆེན་པོར་བརྟེན་ནས། མཚོ་སྔོན་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་མཁྲེགས་ཆས་འཛུགས་སྐྲུན་སྔར་ལས་ཇེ་དྲག་ཏུ་བཏང་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཞང་དང་སྡེ་བའི་སྨན་བཅོས་ལས་ཁུངས་ཁག་གི་རྨང་གཞིའི་སྒྲིག་ཆས་དང་རྩ་བའི་ཆུ་ཚད་མངོན་གསལ་དོད་པའི་ངང་ལེགས་བཅོས་ཆེན་པོ་བྱུང་ཡོད་མོད། སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་དང་མི་དམངས་མང་ཚོགས་ཀྱི་སྨན་བཅོས་བདེ་ཐང་གི་དགོས་མཁོ་ཇེ་ཆེར་སོང་བ་དང་བསྟུན་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁག་གི་ཞབས་ཞུའི་ཆུ་ཚད་ཇེ་དམའ་དང་བྱེད་ནུས་ཇེ་ཞན་དུ་སོང་བར་བརྟེན། གཞི་རིམ་སྨན་པ་དང་ནད་གཡོག་པའི་བྱ་བ་ཇེ་ལེགས་དང་ལས་ཆོད་མཐོར་འདེགས་ཡོང་བར་འགོག་རྐྱེན་ཆེན་པོ་བཟོས་ཡོད་ལ། དེ་ནི་གཞི་རིམ་འཕྲོད་བསྟེན་བཅོས་སྒྱུར་འཕེལ་རྒྱས་ཁྲོད་ཀྱི་མི་འདང་ས་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། རིམ་དབྱེ་ནད་བཅོས་སོགས་བཅོས་སྒྱུར་བྱེད་ཐབས་ལ་ཡར་སྐུལ་བྱེད་པར་བཀག་འགོག་ཆེན་པོ་བྱས་ཡོད་ཟེར།

ཀྲང་ཀྲིག་ཕིན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་ཁག་གིས་གཤམ་གྱི་ཕྱོགས་གསུམ་གཙོ་བོར་བཟུང་ནས་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ་སྟེ། གཅིག མཚོ་སྔོན་འདི་ཉིད་ཞང་གྲོང་འཕྲོད་བསྟེན་ཁང་གི་ཀུན་མཁས་སྨན་པའི་ཆེད་བཙུགས་ལས་གནས་ཀྱི་འཆར་གཞིའི་ཁྲོད་བཞག་སྟེ། ཁ་གསབ་ཚད་གཞི་ཇེ་མཐོར་བཏང་ནས་ཕུལ་བྱུང་མི་སྣ་གཞི་རིམ་དུ་འགུག་རྒྱུ། གཉིས། ཞང་གྲོང་འཕྲོད་བསྟེན་ཁང་གི་སྤྱི་པའི་ཞབས་ཞུ་མི་སྣ་དང་སྨན་བཅོས་མི་སྣར་རིན་མི་ལེན་པར་གསོ་སྦྱོང་བྱེད་པའི་རྣམ་གྲངས་དང་ལོ་གསུམ་ལ་དམིགས་ཡུལ་གཏན་ཁེལ་སྒོས་སྡེ་བའི་སྨན་པར་རིན་མི་ལེན་པར་གསོ་སྦྱོང་བྱེད་པའི་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་འཆར་གཞིའི་ཁྲོད་བཞག་སྟེ། མཚོ་སྔོན་གྱི་གཞི་རིམ་འཕྲོད་བསྟེན་ལས་ཁུངས་ལ་ཉེར་མཁོའི་མི་སྣ་སྐྱེད་སྲིང་བྱེད་རྒྱུ། གསུམ་ནས་ཞང་གྲོང་སྨན་པའི་འཛིན་ཡིག་ལེན་པའི་རྒྱུགས་དམིགས་བསལ་སྒོས་བླངས་ཏེ་ཞང་སྡེའི་སྨན་བཅོས་མི་སྣའི་བརྩོན་སེམས་བསྐྱེད་རྒྱུ་བཅས་ཀྱི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།