ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དབྱིན་ཐའེ་དྲ་རྒྱའི་བརྡ་འཕྲིན་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ཏེ་དྲ་སྟེང་གི་དྲིལ་བསྒྲགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་རང་ཞིང་གི་ཁོངས་གཏོགས་གསར་འགྱུར་དྲ་ཚིགས་ཏེ་ཀྲུང་དབྱང་གསར་འགྱུར་དྲ་ཚིགས་མཚོ་སྔོན་འཕྲིན་ལམ་གྱི་འགན་ཁུར་བས2014ལོའི་དྲ་སྟེང་གི་དྲིལ་བསྒྲགས་བྱ་བའི་གནས་ཚུལ་སྤྱི་བསྡོམས་དང2015ལོའི་དྲིལ་བསྒྲགས་བྱ་བའི་བསམ་ཕྱོགས་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཞིང་ཆེན་དྲ་རྒྱའི་བརྡ་འཕྲིན་གཞུང་སྒྲུབ་ཁང་གིས2015ལོའི་རང་ཞིང་དྲ་སྟེང་གི་དྲིལ་བསྒྲགས་བྱ་བའི་ལས་འགན་བཀོད་སྒྲིག་བྱས།

    ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ། ཞིང་ཆེན་དྲ་རྒྱའི་བརྡ་འཕྲིན་གཞུང་སྒྲུབ་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀའོ་ཡུས་ཧྥིན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་ན་ནིང་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བརྡ་འཕྲིན་དྲིལ་བསྒྲགས་བྱ་བར་ལངས་ཕྱོགས་ཡང་དག་ཡིན་པ་དང་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་སོགས་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་བདེ་འཇགས་ཐད་ནུས་པ་ཆེན་པོ་ཐོན་ཡོད། དུས་མཚུངས་སུ་ད་ལོའི་རང་ཞིང་དྲ་རྒྱའི་བརྡ་འཕྲིན་དྲིལ་བསྒྲགས་བྱ་བར་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུ་དང་པུའུ་ཀྲང་ཅེ་ཏེ་མ་རྒྱལ་གྱི་གཏམ་བཤད་བཀོད་སྒྲིག་ལ་ཁ་ཕྱོགས་ནས། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་སྐུལ་སོགས་དྲ་སྟེང་དུ་དྲིལ་བསྒྲགས་ལེགས་པོ་བྱེད་དགོས་པ་དང་། ནང་སྒོས་སུ་དྲ་སྟེང་གི་སྔོན་ཐོན་མི་སྣའི་དྲིལ་བསྒྲགས་བྱ་བ་ལེགས་པོ་སྒྲུབ་དགོས་པར་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།