ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ་དང་པོ་ནས་ཟླ2པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུགས་གནས་བབ་དབྱེ་ཞིབ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། ད་ལོའི་ཚུན་ལ། ས་ཁུལ་དང་། སྡེ་སོ་སོ། ཁེ་ལས་བཅས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་པ་དང་། འཁོར་རྒྱུགས་མཐུན་སྦྱོར་དང་། རྒྱུ་རྐྱེན་འགན་སྲུང་དེ་མིན་ཐོན་སྐྱེད་བྱ་བ་བཅས་བཟང་བོར་བསྒྲུབས་ནས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་འཇགས་ངང་འཁོར་རྒྱུགས་བྱེད་པའི་བྱ་བ་འགན་སྲུང་བྱས་མོད། ཡིན་ནའང་བཟོ་ལས་ཐོན་རྫས་ཀྱི་རིན་གོང་བསྟུད་མར་ཟླ་སོ་བརྒྱད་ཀྱི་རིང་ལ་མར་བབས་པ་དང་། ཚོང་རའི་དགོས་མཁོ་བསྟུད་མར་ཇེ་དམའ་རུ་སོང་ནས། ཁེ་ལས་འཁོར་རྒྱུགས་མ་དངུལ་མི་འདང་བ་སོགས་ཀྱི་དཀའ་ཁག་དང་གནད་དོན་བྱུང་ཟེར།

གྲོས་ཚོགས་ལས་ས་ཁུལ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་གཉིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དུ་གཅིག་གྱུར་བྱས་ནས། སྔར་ལས་ངོས་ཟིན་ཇེ་མཐོར་གཏོང་དགོས་པ་དང་། ཡིད་ཆེད་ཇེ་དྲག་ཏུ་གཏོང་བ། ཐོན་ཚད་བརྟན་འཇགས་ངང་འཕར་སྣོན་གཏོང་བའི་བྱ་བ་དེ་གོ་གནས་དང་པོར་བཞག་ཏེ། བཟོ་ལས་འཁོར་རྒྱུགས་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ཁེ་ལས་སྣེ་ཁྲིད་དེ་ནང་ཁུལ་དོ་དམ་བྱ་བར་ཤུགས་སྣོན་པ། བརྟན་འཇགས་ངང་འཕར་སྣོན་གཏོང་བའི་སྲིད་ཇུས་བྱེད་ཐབས་དངོས་འབེབས་ཇེ་མགྱོགས་སུ་བཏང་ནས། “ཁེ་ལས་གཅིག་དང་སྲིད་ཇུས་གཅིག”རྒྱུན་འཁྱོངས་བྱས་ནས། ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱེད་དགོས། མཐུན་སྦྱོར་ཞབས་ཞུའི་བྱ་བར་ཤུགས་བསྣན་ནས། དུས་ཐོག་ཏུ་མཐུན་སྦྱོར་ངང་ལས་གཞིའི་འཛུགས་སྐྲུན་ཁྲོད་དུ་གནས་པའི་གནད་དོན་ལ་རྗེས་བསྙེགས་ཐག་གཅོད་བྱས་ནས་སྔ་མོ་ནས་ལས་གཞིར་འཆར་གཞི་འཐེན་དགོས་པ་དང་། མགོ་ཁྲིད་པ་གཙོ་བོས་དངོས་སུ་རུ་ཁག་ཁྲིད་དེ་ཚོང་འགུག་དངུལ་འདྲེན་བྱ་བ་སྤེལ་དགོས། དེང་སྐབས་དང་ཡུན་རིང་ལ་འདང་བརྒྱབ་པ་དང་རྐང་ཚུགས་ཏེ། ཐོན་ཚད་བརྟན་འཇགས་ངང་འཕར་སྣོན་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་དོ་མཉམ་བྱེད་ས་ཁོང་དུ་ཆུད་པར་བྱེད་པ་དང་། བཅོས་སྒྱུར་ཐད་ནས་བྱེད་ཐབས་འཚོལ་བ། གསར་སྐྲུན་ཐད་ནས་ཧུར་ཐག་བྱས་ནས། འཕེལ་རྒྱས་ཀྱི་དཀའ་ཁག་སེལ་ཏེ་འཕེལ་རྒྱས་ཀྱི་ནུས་པ་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།