ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཞུགས་མཁན་མཚོ་སྔོན་འཐུས་ཚབ་ཚོགས་པས། ཟི་ལིང་ནས་ཡུས་ཧྲུའུ་དང་། ཡུས་ཧྲུའུ་ནས་ཆབ་མདོའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལས་གཞི་དེ་རྒྱལ་ཁབ་ཀྱི“ལོ་ལྔའི་ཚན་བཅུ་གསུམ་པའི་འཆར་འགོད”ཁྲོད་དུ་འཇོག་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ཁྲོད་བསྟན་དོན། ཟི་ལིང་ནས་ཡུས་ཧྲུའུ་དང་། ཡུས་ཧྲུའུ་ནས་ཆབ་མདོའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལས་གཞི་དེས་མཚོ་སྔོན་དང་བོད་ལྗོངས། ཡུན་ནན་བཅས་ཞིང་ཆེན་གསུམ་གྱི་མངའ་ཁོངས་བརྟོལ་ནས། ནུབ་རྒྱུད་བོད་ཁུལ་ཞིང་ཆེན་ཁག་དབར་ཤར་བགྲོད་བྱེད་སའི་ལྕགས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། ད་དུང་མཐོ་སྒང་ས་ཆ་དང་ནང་ལོགས་གྲོང་ཁྱེར་དབར་ཕན་ཚུན་འགྲོ་འོང་ཟོག་སྐྱེལ་གྱི་བརྒྱུད་ལམ་འགངས་ཆེན་ཞིག་ཀྱང་ཡིན། ལམ་ཐིག་འདི་ནི་མཚ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནས་བསྐྱོད་མགོ་བརྩམས་ཏེ། ལམ་བར་ནས་མཚོ་ལྷོ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་རིམ་པར་བརྒྱུད་རྗེས། མཚོ་སྔོན་ལྷོ་རྒྱུད་སར་གནས་པའི་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒལ་བ་ན། ལམ་ཐིག་ཕྱིར་མཚོ་སྔོན་ནུབ་རྒྱུད་ས་གནས་ཀྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བརྒྱུད་རྗེས། ཡང་ཕྱིར་མཚོ་སྔོན་ལྷོ་རྒྱུད་སར་གནས་པའི་བོད་རང་སྐྱོང་ལྗོངས་ཀྱི་འདྲེས་མདོ་སྟེ་སི་ཁྲོན་ནས་བོད་ལྗོངས་བར་གྱི་ཆབ་མདོའི་ལྕགས་ལམ་ས་ཚིགས་ལ་འདྲེས་ཡོད་པ་ལས་གཞན། ད་དུང་ལྕགས་ལམ་ས་ཚིགས་གཞན་དང་འདབས་འབྲེལ་ཡོད་ས། ལས་གཞིའི་འདིའི་སྤྱིའི་ལམ་ཚད་ལ་སྤྱི་ལེ1000ལྷག་ཡོད།

གྲོས་གཞི་ལས་བསྟན་དོན། ལས་གཞི་འདི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་ཡིན་ན། ལམ་ཐིག་འདི་ནི་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དང་ལྷོ་ནུབ་ས་ཁུལ་བར་ཕན་ཚུན་དངོས་ཟོག་སྐྱེལ་འདྲེན་དང་འགྲུལ་བ་ཕར་འགྲོ་ཚུར་འོང་བྱེད་སའི་བརྒྱུད་ལམ་མེད་དུ་མི་རུང་བར་འགྱུར་ཐུབ་པ་མ་ཟད། ད་དུང་ཕན་འབྲས་ལྡན་པའི་ངང་ས་ཁུལ་གསུམ་ལ་ལྕགས་ལམ་འདང་ངེས་མེད་པའི་སྟོང་ཆ་ཡོངས་སུ་བསྐངས་ཏེ། ནུབ་རྒྱུད་ས་ཁུལ་གྱི་ལྕགས་ལམ་དྲ་རྒྱུའི་ཁྱབ་རྒྱ་སྔར་ལས་ཆེར་བསྐྱེད་གནང་ཐུབ་པར་གདོན་མི་ཟ་ལ། ཟི་ལིང་ནས་ཡུས་ཧྲུའུ་དང་། ཡུས་ཧྲུའུ་ནས་ཆབ་མདོའི་བར་གྱི་ལྕགས་ལམ་ལས་གཞི་གཙོ་བོ་སྟེ། སི་ཁྲོན་ནས་བོད་ལྗོངས་བར་གྱི་ཆབ་མདོའི་ལྕགས་ལམ་ས་ཚིགས་དེ། མ་འོངས་བར་ལྕགས་ལམ་དྲ་རྒྱ་རིམ་པར་གྲུབ་རྗེས། དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་བརྒྱུད་ལམ་འགངས་ཆེན་ཞིག་ཏུ་འགྱུར་ངེས་པར་ཐེ་ཚོམ་མེད་པས། ལམ་ཐིག་དེའི་འགྲམ་རྒྱུད་གང་རུང་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ལས་གཞི་སྣ་མང་འཛུགས་སྒྲུབ་བྱས་ཏེ། ལྕགས་ལམ་བཟོ་སྐྲུན་རྨང་རྐང་བརྟན་པོའི་ངང་བསྒྲུབ་ནས་འགྲུབ་རྒྱུ་ནི་ལས་དོན་ཆེན་པོ་ཞིག་ཡིན་ཟེར།  

གྲོས་གཞི་ལས་རྣམ་གྲངས་ལམ་བར་ས་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན་ལ། དཔལ་འབྱོར་གསར་སྤེལ་གྱི་མི་མངོན་པའི་ནུས་ཤུགས་ཧ་ཅང་ཆེ་བས། རྒྱལ་ཁབ་གྱི་འབྲེལ་ཡོད་པུའུ་ཨུའི་ཟི་ལིང་དང་ཡུས་ཧྲུའུ། ཡུས་ཧྲུའུ་ནས་ཆབ་མདོ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ་དང་། ཟི་ལིང་ནས་ཡུས་ཧྲུའ། ཡུས་ཧྲུའུ་ནས་ཆབ་མདོ་བར་གྱི་ལྕགས་ལམ་རྣམ་གྲངས《རྒྱལ་ཁབ་གྱི་དུས་ཡུན་འབྲིང་རིང་གི་ལྕགས་ལམ་དྲ་རྒྱའི་འཛུགས་སྐྲུན་འཆར་འགོད》ནང་འཇོག་པ་མ་ཟད། རྒྱལ་ཁབ་ཀྱི“ལོ་ལྔའི་ཚན་བཅུ་གསུམ་པའི་འཆར་འགོད”ཁྲོད་དུ་འཇོག་དགོས་པར་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།