ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞི་གསུམ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ལས་འགན་གཙོ་བོའི་སྣེ་ཁྲིད་ལས་ཁུངས་ཀྱི་བཀོད་གཏོང་གྲོས་ཚོགས་བསྡུས་ནས། འབྲེལ་ཡོད་སྡེ་ཁག་གིས་ཁེ་དབང་རྒྱ་བསྐྱེད་དང་ཞང་གྲོང་སྟོབས་ལྡན་དུ་བསྒྱུར་བའི་བཟོ་སྐྲུན་སོགས་ལས་འགན་གཙོ་བོ་བཞི་ལག་བསྟར་བྱས་པའི་གནས་ཚུལ་ཡར་ཞུ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་གཞི་གསུམ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ལིན་ཅོན་གྱིས་གཏམ་བཤད།

ཚོགས་ཐོག་ནས་སྣེ་ཁྲིད་ལས་ཁུངས་སོ་སོས་གཞི་གསུམ་འཛུགས་སྐྲུན་གྱི་ལས་འགན་གཙོ་བོར་མཐོང་ཆེན་བྱས་ནས། སྣེ་ཁྲིད་ཀྱི་འགན་འཁྲི་ལག་བསྟརབཟང་བོ་བྱེད་པ་དང་། སྣེ་ཁྲིད་བྱེད་པའི་ལས་འགན་གཙོ་བོ་དེ་ཉིན་རྒྱུན་གྱི་འཚོ་བ་དང་བྱ་བའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་བྱ་བར་བརྩིས་ནས་དམ་འཛིན་བྱས་ཏེ། ཡུན་རིང་ལ་དམིགས་ནས་སྤྱི་ཁོག་ནས་སྤེལ་དགོས་པ་མ་ཟད། གཙོ་གནད་འབུར་ཐོན་དང་གཅིག་བསྡུས་ཀྱིས་མཁྲེགས་གཏོར་བྱེད་དགོས་པ་དང་། ལས་འགན་ཡི་གེ་དང་དུས་ཚོད་རེའུ་མིག་ལྟར་དུ། ཤུགས་ཡོད་ཀྱིས་བྱེད་ཐབས་སྤྱད་དེ། གཙོ་གནད་ཐོད་བརྒལ་དང་གོང་གིས་འོག་ལ་སྣེ་ཁྲིད་བྱེད་པ་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་གཞི་གསུམ་འཛུགས་སྐྲུན་ཐད་ནས་ལོའི་ཚུན་ནང་དུ་གྲུབ་འབྲས་མངོན་གསལ་ལེན་པར་སྐུལ་འདེད་དང་སྣེ་ཁྲིད་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པས་གཞི་གསུམ་འཛུགས་སྐྲུན་ལ་ཤུགས་བསྣན་པ་ལས་བྱུང་བའི་འགྱུར་ལྡོག་གསར་བ་ཉམས་སུ་མྱོང་ཐུབ་པ་དང་། རིགས་སོ་སོའི་མི་དམངས་ཀྱིས་གཞི་གསུམ་འཛུགས་སྐྲུན་ལ་ཤུགས་བསྣན་པའི་ཐད་ཀྱི་སྟབས་བདེ་དང་ཕན་ཁེ་ཉམས་སུ་མྱོང་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་སྣེ་ཁྲིད་ལས་ཁུངས་སོ་སོས་དཀའ་ངལ་ཁྱད་སེལ་བྱས་ནས། བྱ་བའི་ལས་འགན་གཙོ་བོ་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ་དང་། འབྲེལ་ཡོད་ཀྱི་འགན་འཁྲི་ལས་ཁུངས་རྩ་འཛུགས་བྱས་ཏེ་མཉམ་དུ་གཞི་གསུམ་འཛུགས་སྐྲུན་ཁྲོད་འཕྲད་པའི་དཀའ་ཁག་དང་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། ཕན་ཚུན་གཞོགས་འདེགས་དང་མཉམ་དུ་འབད་བརྩོན་བྱས་ནས། བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས། ཞིང་ཆེན་ཏང་ཨུའི་གཞི་གསུམ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གཞུང་སྒྲུབ་ཁང་གིས་བྱ་བ་གཙོ་བོའི་ལས་གཞི་ཚན་ཆུང་བཙུགས་ནས། མཛུབ་སྟོན་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྣེ་ཁྲིད་ལས་ཁུངས་སོ་སོ་དང་མཉམ་དུ་འཛུགས་སྐྲུན་སྤེལ་ཚད་ཇེ་མགྱོགས་སུ་བཏང་སྟེ། ལོའི་ཚུན་ནང་དུ་བྱ་བ་གཙོ་བོའི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།