ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2015ལོའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནང་སྲིད་ཁྲིམས་འཛིན་བྱ་བའི་འབྲེལ་འདྲིས་གྲོས་ཚོགས་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་ནང་། ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཀྱི་མི་དམངས་ཚོགས་ཁག་བཅས་ཀྱིས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། བྱ་བའི་ལས་འགན་ལྕི་ཞིང་འགན་ཁུར་གྱི་འདུ་ཤེས་བརྟན་པ་དང་། བྱ་བའི་རྒྱུ་སྤུས་མཐོ་ཞིང་འགན་ནུས་ལག་བསྟར་བྱས་པའི་གྲུབ་འབྲས་མངོན་གསལ་ཡིན་ལ། དཀའ་གནད་ཐག་གཅོད་པའི་ཐད་ཀྱི་ནུས་ཤུགས་ཆེ་ཞིང་གསར་སྐྲུན་འདུ་ཤེས་དྲག་པོ་ཡོད་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། མཐུན་སྦྱོར་གཞོགས་འདེགས། འབྲེལ་འདྲིས་བརྗེ་རེས་ཐད་ཀྱི་གྲུབ་འབྲས་བཟང་བོ་ལེན་པ་བཅས་ཕན་ཡོད་ཀྱི་བྱ་བ་མང་པོ་བསྒྲུབས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ནང་སྲིད་ཁྲིམས་འཛིན་གྱི་ལས་ཁུངས་སོ་སོས་སྤྱི་ཚོགས་དོ་དམ་ལ་ཡར་སྐུལ་དང་ཁྲིམས་འཛིན་དྲང་གཞག་ལ་འགན་སྲུང་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ཡོད་པས། ལས་འགན་རླབས་ཆེ་ཞིང་འགན་འཁྲི་ཧ་ཅང་ལྕི། གཅིག གནས་བབ་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། རང་རྟོགས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། ནང་སྲིད་ཁྲིམས་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། གཉིས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་། བྱ་བའི་གཙོ་གནད་འབུར་ཐོན་བྱས་ཏེ། ད་ལོའི་བྱ་བ་སྣ་ཚོགས་ཀྱི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་དགོས། གསུམ། འབྲེལ་འདྲིས་དང་བརྗེ་རེས་དམ་ཟབ་བྱེད་པ་དང་། མཉམ་ལས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མུ་མཐུད་ནས་ནང་སྲིད་ཁྲིམས་འཛིན་བྱ་བའི་ཕན་འབྲས་ཇེ་མཐོར་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས2014ལོའི་འབྲེལ་ཡོད་བྱ་བའི་སྤྱི་བསྡོམས་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས2015ལོའི་འབྲེལ་ཡོད་བྱ་བའི་གཏམ་བཤད་སྤེལ། ཚོགས་ཐོག་ནས་ད་དུང་སྡེ་ཁག་སོ་སོའི་ནང་སྲིད་ཁྲིམས་འཛིན་བྱ་བའི་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།