ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྤྱི་ཞབས་པའི་ཅུའུ་བཅས་ཀྱིས་ཚེས་ཉི་ཤུ་ཉིན་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་སྤྱི་ཞབས་པའི་དོ་དམ་བྱ་བའི་ཚོགས་འདུ་བསྡུས།

ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་སྤྱི་ཞབས་པའི་དོ་དམ་བྱ་བ་སྒྲུབ་སྐབས་གཟབ་ནན་དང་དངོས་གཉེར་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་ཀྱིས་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། རིགས་དབྱེ་བཅོས་སྒྱུར་སྤེལ་བ། ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ་བཅས་གཙོ་གནད་དུ་བཟུང་ནས། སྤྱི་ཞབས་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། རྒྱ་ཆེའི་སྤྱི་ཞབས་པས་ཏང་དང་བློ་དཀར་བ་དང་། སྒེར་གྱི་སྤྱོད་པ་གཙང་བ། ལས་འགན་ཁུར་དུ་ལེན་ཕོད་པ་བཅས་བྱེད་པར་ཁྲིད་སྟོན་སྐུལ་སློང་བྱས་ཏེ། ཁུལ་གསུམ་ཧུར་ཐག་གིས་བསྐྲུན་པ་དང་འབྱོར་འབྲིང་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་སྟེང་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། རིགས་དབྱེ་བཅོས་སྒྱུར་སྤེལ་ནས་སྤྱི་ཞབས་པའི་དོ་དམ་ཆ་སྡེབས་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། དུས་རྒྱུན་གྱི་དཔྱད་ཞིབ་ལ་ཤུགས་བསྣན་ནས་སྤྱི་ཞབས་པའི་ཚན་རིག་གདེང་འཇོག་སྒྲིག་སྲོལ་འཛུགས་པ། གཞི་རིམ་གྱི་ཁ་ཕྱོགས་འབུར་དུ་ཐོན་པར་བྱས་ནས་སྤྱི་ཞབས་པའི་དྲང་ཕྱོགས་སྐུལ་སློང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པ་དང་། དོ་དམ་ནན་མོ་རྒྱུན་འཁྱོངས་བྱེད་དགོས་པ་དང་མཉམ་དུ། སྲིད་ཇུས་གཞི་རིམ་ལ་ཕྱོགས་པ་དང་ཐོན་ཁུངས་གཞི་རིམ་ལ་ཕྱོགས་པ། སྟོབས་ཤུགས་གཞི་རིམ་ལ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མི་སྣ་གཞི་རིམ་དུ་འགྲོ་བ་དང་སྟོབས་ཤུགས་གཞི་རིམ་དུ་འདུ་བའི་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས་ལ། རྨང་གཞིའི་བྱ་བར་ཤུགས་བསྣན་ནས། སྤྱི་ཞབས་པའི་དོ་དམ་གྱི་ཚན་རིག་ཅན་གྱི་ཆུ་ཚད་ཧུར་ཐག་གིས་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།