ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་དམ་འཛིན་བྱས་པ་དང་ཁོར་ཡུག་ལྟ་རྟོག་དོ་དམ་དང་སྐྱེ་ཁམས་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་ནས་གྲུབ་འབྲས་མངོན་གསལ་བླངས། ཉེ་ལམ་ཁུལ་ཡོངས་ཀྱི་མཁར་གྲོང་གཅིག་སྡུད་འཐུང་ཆུའི་ཐོན་ཁུངས་ཀྱི་ཆུའི་སྤུས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས།

མཚོ་བྱང་ཁུལ་གྱིས་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཉིས་སྟོང་བཅུ་བཞི་ལོར་འཛུགས་སྐྲུན་ལས་གཞི་སོ་གཅིག་ལ་ཞིབ་བཤེར་ཆོག་མཆན་བཀོད་པ་དང་འཛུགས་སྐྲུན་ལས་གཞི་གཉིས་ལ་ལེགས་འགྲུབ་ཚད་ལེན་ཐོབ་པའི་འགྲོ་ལུགས་བསྒྲུབས་ཤིང་། ཁོར་ཡུག་སྲུང་སྐྱོབ་ལ་དཔྱད་འཇོག་དང་ལག་བསྟར་བྱས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས་པས་ཁུལ་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་སྲུང་འཛིན་བྱས། ཁུལ་ནང་ཁུལ་གྱི་མཁར་གྲོང་མཁའ་དབུགས་སྤུས་ཚད་དང་གཙང་བོའི་ཆུའི་སྤུས་ཚད་ལ་ལྟ་རྟོག་དོ་དམ་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་ཆེད། མ་དངུལ་སྒོར་བྱེ་བ་གཉིས་དང་འབུམ་དགུ་ཁྲི་བདུན་བཏང་སྟེ་ཁུལ་ཡོངས་ཀྱི་སྡེ་བ་སོ་གསུམ་ནས་ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་དཔེ་སྟོན་ལས་གཞི་ལག་བསྟར་བྱས་པ་དང་། ཧུར་ཐག་སྒོས་ལྗང་སྒྱུར་གསར་སྐྲུན་བྱ་འགུལ་སྤེལ་བ་བརྒྱུད་ནས་གཞིས་ཁུལ་གསུམ་ཞིང་ཆེན་རིམ་པའི་ལྗང་སྒྱུར་གཞིས་ཁུལ་དུ་བདམས་པ་དང་སློབ་གྲྭ་དྲུག་ཞིང་ཆེན་རིམ་པའི་ལྗང་སྒྱུར་སློབ་གྲྭ་རུ་བདམས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།