ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དྲིལ་སྒྲོག་གཉིས་དང་ཡར་སྐུལ་གཉིས་བརྗོད་བྱ་གཙོ་བོ་ཡིན་པའི་ལས་བྱེད་པ་ཁྲི་སྟོང་མང་པོ་གཞི་རིམ་དུ་འགྲོ་བའི་བྱ་འགུལ་སྤེལ་བའི་ཁྲོད། དཔའ་ལུང་རྫོང་དམངས་སྲིད་ལས་ཁུངས་ཀྱིས་དུས་ཐོག་ཏུ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་གནད་དོན་ལ་རྒྱུས་ལོན་བྱས་པ་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་སྐྱིད་དཀའ་ཁག་མང་ཚོགས་ཁྲོད་བསྐྱལ་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བར་ཁོར་ཡུག་བཟང་བོ་བསྐྲུན།

རྒྱུས་ལོན་བྱུང་བ་ལྟར་ན། དཔའ་ལུང་རྫོང་གིས་རྫོང་ཡོངས་སུ་བརྟག་དཔྱད་བྱས་ནས་གཏན་ལ་ཕབ་པའི་མྱུར་དུ་རྒུད་སྐྱོབ་བྱེད་དགོས་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱད་བརྒྱ་དང་ང་བཞི་ཡོད་ལ། རྫོང་དམངས་སྲིད་ཅུའུ་ཡིས་བྱ་བའི་ཚན་ཆུང་གཉིས་བགོས་ཏེ་ཞང་དང་གྲོང་རྡལ། སྡེ་བ་བཅས་སོ་སོར་སོང་སྟེ་རྒུད་སྐྱོབ་རོགས་དངུལ་ས་ཡ་གསུམ་བྱིན་ནས། དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་བཟང་བོ་བྱས།   

དེ་དང་མཉམ་དུ། དཔའ་ལུང་རྫོང་དམངས་སྲིད་ཅུའུ་ཡིས་བརྡ་ཐོ་བཏང་སྟེ། ཞང་སོ་སོའི་སྡེ་བར་སྡོད་པའི་བྱ་བའི་ཚན་ཆུང་གི་ལས་བྱེད་པས་དེང་སྐབས་ཀྱི་བརྟན་འཇགས་སྲུང་སྐྱོབ་བྱ་བར་དམིགས་ནས། སྡེ་བ་སོ་སོར་སོང་སྟེ་མང་ཚོགས་ལ་འཚམས་འདྲི་བྱེད་པ་དང་། ཁོ་ཚོར་དྲོད་སྐྱིད་སྐྱེལ་དགོས་ལ། འཚོ་བར་དཀའ་ཁག་ཧ་ཅང་ཆེ་ཞིང་མྱུར་དུ་རྒུད་སྐྱོབ་བྱེད་དགོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་རྒུད་སྐྱོབ་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།