ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བྱས་ནས། ཁོ་ཚོར་དྭངས་གཙང་གི་དཔེ་ཀློག་ཁོར་ཡུག་ཅིག་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་འཆལ་ཕྱག་འགལ་རྡུང་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཚེས་ཉེར་གཉིས་ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ནས2015ལོའི་འཆལ་ཕྱག་འགལ་རྡུང་བྱས་ཏེ་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ནས། སློབ་གྲྭ་འབྲིང་ཆུང་གི་མཐའ་འཁོར་གྱི་དཔེ་དེབ་ཚོང་རར་གཅིག་བསྡུས་བཅོས་སྐྱོང་བྱེད་པ་དང་། འདོད་ལོག་ཆགས་སྲེད་དང་དྲག་ཤུགས། འཇིགས་སྐུལ། རྨོངས་དད་སོགས་ནང་དོན་འདུ་བའི་དཔེ་ཆ་དང་ཁྲིམས་འགལ་དཔེ་ཆར་རྩད་གཅོད་རྩིས་ལེན་བྱས་ཏེ། ལོ་ཆུང་བྱིས་པ་ཚོའི་དཔེ་ཀློག་སྤྱོད་ཚུལ་ལ་སྣེ་ཁྲིད་ཡང་དག་བྱེད་པ་དང་། ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁག་ཐེག་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཆེད་དོན་འགུལ་སྐྱོད་ཀྱིས་གཅིག་ནས་སློབ་གྲྭའི་མཐའ་འཁོར་གྱི་དཔེ་དེབ་དང་འོད་སྡེར་སོགས་ཚོང་རར་གཅིག་བསྡུས་བཅོས་སྐྱོང་བྱེད་པ་དང་། གཉིས་ནས་ཕུལ་བྱུང་གི་དཔེ་དེབ་མཚམས་སྦྱོར་བྱེད་པ་དང་དེ་ཀློག་འདོན་བྱེད་པར་རྩ་འཛུགས་བྱས་ནས། ན་ཆུང་བྱིས་པ་ཚོས་རང་རྟོགས་སྒོས་གནོད་ལྡན་དཔེ་དེབ་དང་ཆ་འཕྲིན་མི་ཀློག་པར་སྣེ་ཁྲིད་བྱེད་པ། གསུམ་ནས་སློབ་གྲྭ་ཆུང་འབྲིང་ནས་རྣམ་པ་མི་འདྲ་བའི་དཔེ་དེབ་བཟང་བོ་ཀློག་པ་དང་ལྷད་མེད་ཀློག་འདོན་དར་སྤེལ་བྱེད་པའི་བྱ་འགུལ་སྤེལ་བ་དང་། སྨྱན་བྱད་དང་དྲ་རྒྱའི་སྟེགས་བུ་བཀོལ་སྤྱོད་བྱས་ནས་སྟོབས་ཤུགས་ཡོད་རྒུས་ཕུལ་བྱུང་གི་བྱིས་པའི་དཔེ་དེབ་མཚམས་སྦྱོར་བྱེད་པ། བཞི་ནས་སློབ་གྲྭ་ཆུང་འབྲིང་སློབ་མར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། རང་རྟོགས་སྒོས་གནོད་ལྡན་གྱི་དཔེ་དེབ་དང་དྲ་རྒྱའི་ཆ་འཕྲིན་ལ་བཀག་འགོག་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། གནོད་ལྡན་དཔེ་དེབ་སློབ་རའི་ནང་བརྒྱུད་སྒྲོག་བྱེད་པར་བཀག་འགོག་བྱེད་པ། ལྔ་ནས་ན་ཆུང་བྱིས་པར་ཁ་གཏད་པའི་མཉམ་འབྲེལ་དྲ་ཚིགས་དང་སྡོད་ཁུལ། གླེང་སྟེགས་སོགས་ཀྱི་ཆེད་དོན་ལྟ་ཞིབ་ཚད་ལེན་སྤེལ་ནས། དུས་ལྟར་ན་ཆུང་བྱིས་པའི་ལུས་སེམས་བདེ་ཐང་ལ་གནོད་པ་བཟོ་བའི་ནང་དོན་མེད་པར་བཟོ་བ་དང་། སྐད་འཕྲིན་དང་གློག་བརྙན་སོགས་བརྒྱུད་ནས་འདོད་ལོག་ཆགས་སྲེད་སོགས་ན་ཆུང་བྱིས་པའི་ལུས་སེམས་བདེ་ཐང་ལ་གནོད་པ་བཟོ་བའི་གནོད་ལྡན་ཆ་འཕྲིན་གྱི་གྱོད་གཞི་སྐོར་ཞིག་རྩད་གཅོད་པ་བཅས་བྱེད་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།