ཉེ་ལམ། མཚོ་སྔོན་མི་རིགས་སློབ་ཆེན་ཆབ་སྲིད་སློབ་གླིང་གིས་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་བྱ་བའི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་རྟེན་གཞིའི་ཡོལ་རས་ལེན་པའི་མཛད་སྒོ་བསྡུས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་མི་རིགས་སློབ་ཆེན་ཆབ་སྲིད་སློབ་གླིང་གིས་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་བྱ་བའི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་རྟེན་གཞིའི་ཡོལ་རས་ལེན་པའི་མཛད་སྒོ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་འབྲེལ་ཡོད་མགོ་ཁྲིད་པ་དང་སློབ་གླིང་གི་སྤྱི་ཚོགས་བྱ་བའི་སློབ་གསོ་ཞིབ་འཇུག་ཁང་གི་དགེ་རྒན་ཡོངས། དེ་མིན་སྤྱི་ཚོགས་བྱ་བའི་ཆེད་ལས་སློབ་མ་བརྒྱ་དང་བརྒྱད་ཅུ་བཅས་ཡོལ་རས་ལེན་པའི་མཛད་སྒོར་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཡོལ་རས་ལེན་པའི་མཛད་སྒོ་ནི་དམངས་སྲིད་པུའུ་གཞུང་སྒྲུབ་ཁང་གིས་ཉིས་སྟོང་བཅོ་ལྔ་ལོའི་རྒྱལ་སྤྱིའི་སྤྱི་ཚོགས་བྱ་བའི་ཉིན་མོ་བརྗོད་བྱ་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་ཐོའི་རེ་བ་ལྟར། མཚོ་སྔོན་མི་རིགས་སློབ་ཆེན་ཆབ་སྲིད་སློབ་གླིང་སྤྱི་ཚོགས་བྱ་བའི་ཆེད་ལས་འཛིན་གྲྭས་སྒྲུབ་པའི་རྒྱལ་སྤྱིའི་སྤྱི་ཚོགས་བྱ་བའི་ཉིན་མོའི་བྱ་འགུལ་རབ་དང་རིམ་པའི་ཁྲོད་ཀྱི་གཅིག་ཡིན། བྱ་འགུལ་གྱི་ནང་དོན་ལ་ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་བྱ་བའི་ཉིན་མོའི་རྒྱབ་ལྗོངས་དང་ཉིས་སྟོང་བཅོ་ལྔ་ལོའི་དྲིལ་སྒྲོག་བརྗོད་དོན། དེ་མིན་སྤྱི་ཚོགས་བྱ་བའི་ཞབས་ཕྱིའི་ཁྱབ་ཁོངས་དང་ཞབས་ཕྱིའི་ནུས་པ་བཅས་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་རྒྱུ་སོགས་འདུ།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།