ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས2014ལོའི་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བར་སྤྱི་སྡོམ་བྱས་པ་དང་། དམིགས་འབེན་དཔྱད་ཞིབ་ཁྲོད་ཕུལ་བྱུང་གི་མཚན་སྙན་ཐོབ་པའི་ས་ཁུལ་དང་ལས་ཁུངས་ལ་གཟེངས་བསྟོད་དང་བྱ་དགའ་གནང་ལ། ད་ལོའི་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་གིས་མགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་གིས་གཟེངས་བསྟོད་ཆོད་དོན་བཏོན། དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱིའི་རུ་ཁག་གི་དམག་སྤྱི་ཆེན་མོ་དབྱང་ཞོང་ཨེ་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅོན་གྱིས་བསྟན་དོན། 2014ལོར། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བདེ་འཇགས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། ཚད་མཐའི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཅོས་སྐྱོང་བཞི་ལག་བསྟར་བྱེད་པ། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། འབུར་ཐོན་གནད་དོན་ཐག་གཅོད་པའི་ཐད་ཤུགས་འདོན་པ་བཅས་བྱས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་མགོ་ཚུགས་ས་གསར་བའི་སྟེང་གྲུབ་འབྲས་གསར་བ་བླངས། མིག་སྔར། བདེ་འཇགས་འཛུགས་སྐྲུན་གྱི་ཁོར་ཡུག་ཧ་ཅང་བཟང་ན་ཡང་། མདུན་དུ་ལྷགས་པའི་ལས་འགན་སྔར་བཞིན་ལྕི་བ་དང་། ཉེན་ཁ་དང་འགྲན་རྩོད་ཀྱང་སྔར་བཞིན་མང་བས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློར་སྔར་ལས་གཅིག་གྱུར་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཐུན་མོང་གི་ལྟ་བ་གྲུབ་པར་བྱེད་པ་དང་ཆུ་མ་ཡོང་གོང་ལ་རགས་ལས་པ། བྱེད་ཐབས་ལ་ཤུགས་སྣོན་པ་དང་རང་འགུལ་གྱིས་འབད་འཐབ་བྱེད་པ། བབ་བསྟུན་མདུན་བསྐྱོད་ཀྱིས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་བཅས་བྱས་ནས། སྤྱི་ཚོགས་གཏན་འཇགས་ཡིན་པ་དང་མི་དམངས་བདེ་སྐྱིན་ལྡན་པར་ཁག་ཐེག་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རང་རྟོགས་སྒོས་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་དེ་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གནས་བབ་ཆེན་པོའི་ཁྲོད་བཞག་སྟེ། ཁྲིམས་སྐྱོང་གི་སྣེ་ཁྲིད་དང་འགན་སྲུང་ནུས་པ་འདོན་སྤེལ་བྱེད་པ་དང་། མི་ཚོགས་གཙོ་བོ་འབུར་དུ་ཐོན་པར་བྱེད་པ། སྒྲིག་ལམ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཁྲིམས་ལུགས་ཀྱི་ཚད་མཐའ་དམ་སྲུང་བྱས་ནས། ཁྲིམས་ལྟར་བྱ་བ་སྒྲུབ་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་བྱེད་པ། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ཀྱིས་བཅོས་བསྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད། གཏན་འཇགས་ལ་སྲུང་སྐྱོང་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་ཡོངས་ནས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། གནད་དོན་ཐག་གཅོད་སྐབས་ཁྲིམས་བཀོལ་སྤྱོད་བྱེད་པ། འགལ་བ་ཐག་གཅོད་སྐབས་ཁྲིམས་ལ་བརྟེན་པའི་སྣང་ཚུལ་གསར་བ་གྲུབ་པར་བྱས་ནས། མུ་མཐུད་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།