ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གྱིས་གནས་བབ་གསར་བའི་འོག་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་ཐད་ལ་ཆེད་དོན་རྟོག་ཞིབ་བྱས། ཁོས་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བརྩི་བ་དང་། མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་ནན་མོ་བྱས་ནས། ཞིང་ཆེན་ཏང་ཨུས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་བསྡུ་བའི་འབྲེལ་ཡོད་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

རྟོག་ཞིབ་བྱེད་སྐབས་ཁོས་འབྲེལ་ཡོད་བྱ་བའི་ཡར་ཞུར་ཉན་པ་མ་ཟད། ཆེད་དུ་ཏང་ཕྱིའི་ཤེས་ལྡན་པ་ཁ་ཤས་དང་མཉམ་དུ་བརྗེ་རེས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་བསྟན་ཁོ་དང་། ཝང་ཡུས་པོ་གཉིས་ཀྱང་རྟོག་ཞིབ་བྱ་བར་ཞུགས། རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཚོགས་རྗེས། ཞིང་ཆེན་ཏང་ཨུས་ཟླ་དྲུག་པའི་ཟླ་སྟོད་ནས་ཟླ་བདུན་པའི་ཟླ་མཇུག་བར་དུ། གནས་བབ་གསར་བའི་འོག་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་གཅིག་བསྡུས་ཀྱིས་ཆེད་དོན་རྟོག་ཞིབ་བྱེད་རྒྱུའི་ཐག་བཅད་པ་དང་། ཞིང་ཆེན་རིམ་པའི་མགོ་ཁྲིད་པ་བརྒྱད་དེར་ཞུགས་པ་དང་། རྟོག་ཞིབ་ཚན་ཆུང་བདུན་དང་ཡན་ལག་ཚན་ཆུང་སོ་གསུམ་བཙུགས་ནས། དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་། ཏང་ཕྱིའི་ཤེས་ལྡན་པ། མི་རིགས་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་འཐུས་ཚབ་མི་སྣའི་གསོ་སྦྱོང་སློབ་གསོ་དོ་དམ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ། ཏང་ཕྱིའི་མི་སྣའི་དཔུང་སྡེ་འཛུགས་སྐྲུན། ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་བཅས་ཆེད་དོན་བདུན་ལ་དམིགས་ནས་རྟོག་ཞིབ་བྱེད་བཞིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ཏང་ཨུས་ཀྱང་རྩ་འཛུགས་བྱས་ནས་རྟོག་ཞིབ་བྱེད་བཞིན་ཡོད། རྟོག་ཞིབ་ཚན་ཆུང་སོ་སོས་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཀྲུང་དབྱང་གི་དགོངས་དོན་ལྟར་གཞི་རིམ་ནས་གོང་རིམ་བར་གྱི་གནད་དོན་ལ་དམིགས་པ་དང་། གོང་རིམ་ནས་གཞི་རིམ་བར་གྱི་ཁྱད་པར་བཙལ་ཏེ། གོང་འོག་འབྲེལ་མཐུད་བྱ་བའི་མི་འདང་སར་ཞིབ་བཤེར་ནན་མོ་བྱས་ཏེ་ཐོག་མའི་རྟོག་ཞིབ་མཇུག་འབྲས་སྐོར་ཞིག་བྱུང་ཡོད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།