ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནུབ་བྱང་གི་ཞིང་ལྗོངས་ལྔའི་སྤྱི་ཚོགས་ཚན་རིག་གླིང་གི་འགོ་གཙོའི་ཚོགས་འདུ་དང་རྣམ་པ་གསར་བའི་རིག་མཛོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བོད་ཁུལ་གྱི་ཁྱོན་ཡོངས་བཞིའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་བགྲོ་གླེང་ཚོགས་འདུ་ཚེས་བཅུ་གཉིས་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་གཏམ་བཤད།

རེབ་འདིའི་ནུབ་བྱང་གི་་ཞིང་ལྗོངས་ལྔའི་སྤྱི་ཚོགས་ཚན་རིག་གླིང་གི་འགོ་གཙོའི་མཉམ་འབྲེལ་ཚོགས་འདུས་རྣམ་པ་གསར་བའི་རིག་མཛོད་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས། བོད་ཁུལ་གྱི་ཁྱོན་ཡོངས་བཞིའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དེ་བརྗོད་གཞིར་བཟུང་ཡོད་པ་དང་། ཚོགས་འདུར་ཞུགས་པའི་ཆེད་མཁས་པ་རྣམས་ཀྱིས་ནུབ་བྱང་གི་ཞིང་ལྗོངས་ལྔའི་སྤྱི་ཚོགས་ཚན་རིག་གླིང་གི་འགོ་གཙོའི་མཉམ་འབྲེལ་ཚོགས་འདུའི་ཆེས་བཟང་བོའི་རྣམ་པ་སྤྱད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་རྣམ་པ་གསར་བའི་རིག་མཛོད་འཛུགས་སྐྲུན་དང་བོད་ཁུལ་གྱི་ཁྱོན་ཡོངས་བཞིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཞིབ་བསྡུར་ཟབ་མོ་བྱས། ནུབ་ཕྱོགས་ཀྱི་མི་རིགས་ས་ཁུལ་དང་ནང་སྒོས་སུ་བོད་ཁུལ་ལ་མཚོན་ན། ཇི་ལྟར་ཁྱོན་ཡོངས་བཞིའི་འཕེལ་རྒྱས་ལ་ཡར་སྐུལ་བཟང་བོ་བྱེད་པར་མཐུན་སྦྱོར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

 ཀྲང་ཞི་མེན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་འདུར་ཞུསག་པའི་འཐུས་མི་རྣམས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཁྱོན་ཡོངས་བཞི་ལ་དམ་པོར་དམིགས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྐྱེ་ཁམས་དཔལ་ཡོན་སྤེལ་བའི་གནས་ཚུལ་གསར་བ་དང་འགྱུར་ལྡོག་གསར་བར་ཞིབ་འཇུག་བྱས་ནས། བྱེད་ཐབས་གསར་བར་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྣམ་པ་གསར་བའི་རིག་མཛོད་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།