ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་གྱི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་ཚེས་བཅུ་གཅིག་ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ནས་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཝང་ཅན་ཅོན་གྱིས་བསྟན་དོན། མཐོ་སྒང་གི་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་བྱེད་རྒྱུ་ནི་དམངས་ཚིས་བཟོ་སྐྲུན་དང་། དམངས་སེམས་བཟོ་སྐྲུན་གལ་ཆེན་ཞིག་རེད། ད་ལོར་ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག་སོ་སོས་དེར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་པ་དང་། བྱེད་ཐབས་སྤྱད་པ་དང་བྱ་བ་སྒྲུབ་པར་ནུས་པ་ལྡན་པས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཡིན་ནའང་ངོས་ཟིན་དང་། འཕེལ་རིམ། དངུལ་གཏོང་། འཆར་གཞི་འཐེན་པ། ནུས་པ་ཆ་ཚང་། སྣེ་ཁྲིད་དེ་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། ཁོར་ཡུག་དག་ཐེར་བཅོས་སྐྱོང་། དོ་དམ་ནང་རྐྱེན་སོགས་ཐད་ལ་གནད་དོན་ཁ་ཤས་གནས་ཡོད་པས། ས་གནས་དང་སྡེ་ཁག་སོ་སོས་དམིགས་འབེན་ལ་དམ་པོར་དམིགས་ནས། མི་འདང་ས་ཁ་གསབ་རྒྱག་པ་དང་དོན་བཟང་མང་པོ་བསྒྲུབ་པ་། ཕྱི་ཚུལ་གྱི་རྣམ་འགྱུར་ཙམ་མི་སྟོན་པར་ཁྱོན་ཡོངས་ནས་ད་ལོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་དང་ཟུང་དུ་སྦྲེལ་ཏེ་མཛེས་སྡུག་གི་ཞང་སྡེ་འཛུགས་སྐྲུན་བྱ་བ་ལག་བསྟར་དངོས་འབེབས་བྱེད་དགོས་པ་དང་། ལས་འགན་གཙོ་བོ་སྔར་ལས་འབུར་དུ་ཐོན་པར་བྱས་ནས། དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་མི་གྲངས་ཀྱི་སྡོད་ཁང་འགན་སྲུང་གནད་དོན་ཐག་གཅོད་དགོས་ལ། གཞི་གསུམ་འཛུགས་སྐྲུན་བྱ་བ་སྔར་ལས་འབུར་དུ་ཐོན་པར་བྱས་ནས། “གཟབ་ནན་གསུམ་དང་དོན་དམ་གསུམ”གྱི་རེ་བ་ལག་བསྟར་བྱེད་དགོས་པ་དང་། སང་ལོའི་བྱ་བར་སྔ་མོ་ནས་འཆར་གཞི་འཐེན་ནས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”བྱ་བར་འཆར་གཞི་བཟང་བོ་འཐེན་དགོས་ཟེར།   

ཀྲང་ཅན་མེན་གྱིས་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ནས། མང་ཚོགས་ཀྱི་གོ་གནས་གཙོ་བོ་འབུར་དུ་ཐོན་པར་བྱེད་དགོས་པ་དང་། ལས་གཞི་འཛུགས་སྐྲུན་བྱ་བར་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ། བརྟན་འཇགས་ཀྱི་དངུལ་གཏོང་ནང་རྐྱེན་འཛུགས་པ། འབྲེལ་མཐུད་མཉམ་འཛུགས་བྱ་བའི་རྣམ་པ་གསར་བ་འཚོལ་ཞིབ་བྱེད་པ། རྒྱུན་ཆད་མེད་པར་རོང་འབྲོག་ཕྱོགས་ཀྱི་འཚོ་བའི་གད་སྙིགས་ཆེད་དོན་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་མཉམ་དུ་ཐོན་ལས་འཕེལ་རྒྱས་དང་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་ནས། ཤུགས་ཆེན་པོས་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ་བར་ཡང་བསྐྱར་མཐོ་རླབས་གསར་བ་ཞིག་འཕྱུར་དུ་འཇུག་དགོས་པའི་རེ་བ་བཏོན། ཚོགས་འདུར་ཞུགས་པའི་མི་སྣས་ཡུལ་དངོས་ནས་མིན་ཡོན་རྫོང་གི་མཛེས་སྡུག་གི་ཞང་སྡེ་འཛུགས་སྐྲུན་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་དང་། ཞིང་ཆེན་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་ཐིན་གྱི་འགན་ཁུར་བློ་མཐུན་གྱིས་ཉིས་སྟོང་བཅོ་ལྔ་ལོའི་ཞིང་ཆེན་ཡོངས་ཀྱི་མཛེས་སྡུག་གི་ཞང་སྡེ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་དཔྱད་ཞིབ་གྲུབ་འབྲས་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། མིན་ཡོན་རྫོང་སོགས་ས་ཁུལ་དང་ལས་ཁུངས་དྲུག་གིས་གཏམ་བཤད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།