ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཇར་འགོག་དམག་འཁྲུག་སྐབས་ཀྱི་ལས་བྱེད་པ་རྒན་པར་འཚམས་འདྲིའི་ཡི་གེ་བཏང་། འཚམས་འདྲིའི་ཡི་གེའི་ནང་བཀོད་དོན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་འདིར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ས་ཡ་ལྔ་འབུམ་བརྒྱད་ཀྱི་ཚབ་བྱས་ཏེ། ཁྱེད་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པ་མ་ཟད་བླ་མེད་ཀྱི་གུས་འདུད་ཞུས་པ་ཡིན་ལ། ཁྱེད་ཚོའི་མི་རིགས་དང་རྒྱལ་ཁབ། མཚོ་སྔོན་གྱི་ཆེད་དུ་བསྒྲུབས་པའི་ཡོད་ཚད་ལ་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

ཞིང་ཆེན་ཡོངས་ཀྱི་འཇར་འགོག་དམག་འཁྲུག་སྐབས་ཀྱི་ལས་བྱེད་པ་རྒན་པ་ནི་མི་རིགས་ཀྱི་དཔའ་བོ་དང་རྒྱལ་ཁབ་ལ་བྱས་རྗེས་འཇོག་མཁན་ཡིན་པ་དང་། ཁྱེད་ཚོའི་འཇར་འགོག་དམག་འཁྲུག་གི་རླབས་ཆེན་རྒྱལ་ཁ་ལེན་པའི་ཐད་རྔུལ་ཁྲག་མང་པོ་བཏོན་པ་དང་བྱས་རྗེས་འབུར་ཐོན་བཞག་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཁྱེད་ཚོའི་བླ་མེད་ཀྱི་སྙིང་སྟོབས་དང་བདག་མེད་ཀྱི་སེམས་པ་བཅངས་ནས་རང་བྱུང་ཁོར་ཡུག་བཙོག་ཅིང་དཔལ་འབྱོར་ཆ་རྐྱེན་རྗེས་ལུས་ཡིན་པའི་མཐོ་སྒང་དུ་བསྡད་དེ། རྒྱལ་ཁབ་འཛུགས་སྐྲུན་དང་མཚོ་སྔོན་འཕེལ་རྒྱས་ཐད་བསུབས་ཐབས་མེད་པའི་བྱས་རྗེས་བླ་མེད་བཞག ལས་གནས་དང་ཁ་བྲལ་རྗེས། སྔར་བཞིན་དུ་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་དང་རྔུལ་ཁྲག་བཏོན་པ་དང་། ལྷག་པར་དུ་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་གཏན་འཇགས་སྲུང་སྐྱོབ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སོགས་འཐབ་ཕྱོགས་སོ་སོའི་སྟེང་ནས་ཚབ་བྱེད་ཐབས་མེད་པའི་ནུས་པ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་ལས་དོན་སྣ་ཚོགས་ཀྱི་འཕེལ་རྒྱས་ཡར་ཐོན་ཐད་བྱས་རྗེས་གལ་ཆེན་བཞག་སྟེ། ཏང་གི་ལས་དོན་ཐད་ཀྱི་འཚོལ་སྙེག་དང་མཚོ་སྔོན་འཕེལ་རྒྱས་ཐད་ཀྱི་ལྷག་སེམས་མཚོན་པར་བྱས་ཡོད།

འཚམས་འདྲིའི་ཡི་གེའི་ནང་དུ། རྒྱ་ཆེའི་འཇར་འགོག་དམག་འཁྲུག་སྐབས་ཀྱི་ལས་བྱེད་པ་རྒན་པ་དང་བློ་མཐུན་རྒན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་ལ། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་ཡར་ཐོན་བྱེད་དགོས་བྱེད་ན་ནམ་ཡང་ཁྱེད་ཚོའི་རྒྱབ་སྐྱོར་དང་ཁྱེད་ཚོ་ཞུགས་དགོས་པ་དང་འབྲལ་ཐབས་མེད་པས། རྒྱ་ཆེའི་འཇར་འགོག་དམག་འཁྲུག་སྐབས་ཀྱི་ལས་བྱེད་པ་རྒན་པ་དང་བློ་མཐུན་རྒན་པ་ཚོའི་ལུས་པོར་གཅེས་སྤྲས་བྱེད་པ་དང་ཚེ་སྨད་འཚོ་བ་སྐྱིད་པོ་ཞིག་རོལ་བའི་ཞོར་དུ། མུ་མཐུད་དུ་དཔའ་བོ་ན་སོ་རྒས་གྱུར་ཀྱང་། དཔའ་བོའི་བློ་སྤོབས་ཉམས་མི་འགྱུར་བའི་སྙིང་སྟོབས་དར་སྤེལ་དུ་བཏང་སྟེ། སྔར་བཞིན་དུ་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། མུ་མཐུད་དུ་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ། ཧུར་ཐག་གིས་ཁུལ་གསུམ་འཛུགས་སྐྲུན་བྱེད་པ། ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཐད་དྲང་ཕྱོགས་ཀྱི་ནུས་ཚད་འདོན་སྤེལ་བྱེད་པ་དང་བྱས་རྗེས་གསར་བ་འཇོག་དགོས་བའི་རེ་བ་བཏོན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།