ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། སྲིད་གཞུང་ལས་ཁུངས་ཀྱི་སློབ་སྦྱོང་དང་ལག་བསྟར་བྱ་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ནི་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྤེལ་བ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་བྱ་བ་གོ་སྐབས་གསར་བ་དང་འགྲན་རྩོད་གསར་བར་འཕྲད་པའི་རྒྱབ་ལྗོངས་འོག ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་དམིགས་ནས་བསྡུས་པའི་རྗེས་དྲན་རང་བཞིན་གྱི་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གནང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་བོད་ལྗོངས་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། ཏང་གི་བོད་ལྗོངས་སྐྱོང་བའི་ཇུས་གཞི་གསལ་བཤད་སྔར་ལས་གསལ་བོ་བྱས་ལ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་དང་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པའི་ཐད་ནས་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། དེ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་བོད་ལྗོངས་བྱ་བ་བཟང་བོ་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་རེད། ཙུང་ལི་ལིས་ཁི་ཆང་གིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་སྲིད་ཇུས་བྱེད་ཐབས་ཐད་ནས་གསུངས་བཤད་གནང་བ་དང་། ཡུས་ཀྲིན་ཧྲིན་གྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་བཏོན།

ང་ཚོས་ངེས་པར་དུ་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་དགོས་པ་དང་། ལྷག་པར་དུ་མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་ཐད་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་དང་། མི་དམངས་ཕྱུག་པོར་བསྒྱུར་བ་དང་བོད་ལྗོངས་དར་སྤེལ་གཏོང་བ། ཡུན་རིང་བོར་བོད་ལྗོངས་འཛུགས་སྐྲུན་བྱེད་པ། མི་སེམས་གཅིག་ཏུ་སྒྲིལ་བ། རྨང་གཞི་བརྟན་པོ་འདིང་བའི་བོད་ལྗོངས་བྱ་བའི་རྩ་དོན་གལ་ཆེན་ཁོང་དུ་ཆུད་པར་བྱས་ནས། བསམ་བློ་དང་འགུལ་སྐྱོད་གཉིས་ཚོགས་འདུའི་དགོངས་དོན་སྟེང་གཅིག་གྱུར་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྲིད་གཞུང་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་དང་བཀོད་སྒྲིག་ལྟར་དུ། ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་ཁྱོན་ཡོངས་ནས་དམ་འཛིན་བྱེད་དགོས། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དམིགས་ནས། གཙོ་བོར་ཕྱོགས་གསུམ་གྱི་བྱ་བ་དམ་འཛིན་བྱེད་དགོས་ཏེ། གཅིག་ནི་མྱུར་དུ་ལས་འགན་བགོ་བཤའ་བྱེད་པ་དང་། ཚོགས་ཐོག་ནས་བཏོན་པའི་སྲིད་ཇུས་བྱེད་ཐབས་གལ་ཆེན་དག་རེ་རེ་བཞིན་བྱེ་བྲག་སྡེ་ཁག་དང་བྱེ་བྲག་འགན་འཁྲི་མི་སྣའི་སྟེང་དངོས་འབེབས་བྱེད་པ་དང་། གཉིས་ནི་རྟོག་ཞིབ་གཏིང་ཟབ་བྱས་ནས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་ཚུན་གྱི་ཀྲུང་དབྱང་དང་མཚོ་སྔོན་གྱིས་མཚོ་སྔོན་བོད་ཁུལ་གྱི་རྒྱབ་སྐྱོར་སྲིད་ཇུས་དང་དེ་ལག་བསྟར་བྱས་པའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་སྒྲིག་བཟོ་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་བོད་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ། གསུམ་ནི་ལས་གཞིའི་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ། ཁྱད་ཆོས་ཐོན་ལས་སོགས་ཁྱབ་ཁོངས་ནས་ལས་གཞི་ལ་འཆར་འགོད་དང་སྦྲེལ་མཐུད་བཟང་བོ་བྱེད་པ་དང་། རང་འགུལ་གྱིས་སྲིད་ཇུས་བྱེད་ཐབས་ཀྱི་སྦྲེལ་མཐུད་དང་ལག་བསྟར་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ནས་ཕན་འབྲས་སྔར་ལས་ཇེ་ཆེར་གཏོང་བ་དང་། ཧུར་ཐག་གིས་མཚོ་སྔོན་བོད་ཁུལ་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་པ་དེ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།