ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བདུན་ཉིན་གྱི་སྔ་དྲོར། ཀྲུང་གོའི་ཡིག་གཟུགས་མཁན་པོ་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་མཐུན་ཚོགས་ཀྱིས་ཐུམ་འབུའི་ནད་གསོ་བཅོས་རོགས་སྐྱོར་ཞལ་འདེབས་འབུལ་བའི་མཛད་སྒོ་མགོ་ལོག་པདྨ་རྫོང་དུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོའི་ཡིག་གཟུགས་མཁན་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའོ་ཁྲང་ཆིན་དང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སུང་ལིན་སོགས་ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་ཞུགས།

ཐུམ་འབུའི་ནད་ཀྱིས་མགོ་ལོག་པདྨ་ས་ཆའི་རོང་འབྲོག་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་པར་དམིགས་ནས། ད་ལོར་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་མཐུན་ཚོགས་ཀྱིས་གཙང་གསུམ་མགོ་ཁུངས་ཐུམ་འབུའི་ནད་གསོ་བཅོས་སྤྱི་ཕན་ལས་གཞིའི་བྱ་འགུལ་སྤེལ་ནས། དབུལ་ཕོངས་ས་ཁུལ་གྱི་ནད་པར་རོགས་སྐྱོར་བྱེད་མགོ་བརྩམས། རེབ་འདིའི་ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་། ཀྲུང་གོའི་ཡིག་གཟུགས་མཁན་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའོ་ཁྲང་ཆིན་གྱིས་སྒོར་འབུམ་གཅིག་དང་། པདྨ་རྫོང་གི་ཁའོ་རིམ་པ་ཡན་གྱི་ལས་བྱེད་མི་སྣས་སྒོར་ཁྲི་གཅིག་དང་སྟོང་གཉིས་ལྷག་གིས་ཞལ་འདེབས་ཕུལ། ཐེངས་འདིའི་བྱ་འགུལ་སྟེང་བསྡོམས་པས་ཞལ་འདེབས་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་གཅིག་སྟོང་གཉིས་ལྷག་འདུས་ལ། མི་འགྱང་བར་པདྨ་རྫོང་གི་ཐུམ་འབུའི་ནད་ཅན་གྱི་མི་སྣར་རོགས་སྐྱོར་བྱ་རྒྱུ་རེད།

ཐུམ་འབུའི་ནད་གསོ་བཅོས་རོགས་སྐྱོར་མཛད་སྒོ་སྤེལ་བ་འདིས། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་རོགས་སྐྱོར་ནུས་པ་མཐོར་འདེགས་དང་། ལས་རིགས་སོ་སོའི་མི་སྣའི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ། བྱེད་ཐབས་སྣ་མང་སྤྱད་ནས་ཐུམ་འབུའི་ནད་གསོ་བཅོས་བྱེད་པ་བཅས་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཡོངས་ནས་ཐུམ་འབུའི་ནད་པར་དོ་ཁུར་དང་། རོགས་རམ། བྱམས་སྐྱོང་བཅས་བྱེད་པར་གཞོགས་འདེགས་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།