ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། མི་དམངས་ཕྱུག་པོར་བསྒྱུར་བ་དང་བོད་ཁུལ་དར་སྤེལ་ལ་གཏོང་བ། དམངས་ཚིས་ལེགས་བསྒྱུར་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འགྲེལ་བཤད་དེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་གླེང་ཚད་ཆེས་མང་བའི་གླེང་གཞིར་གྱུར་བ་མ་ཟད། སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུ་བའི་ཚ་རླབས་རྒྱས།

མཚོ་ནུབ་ཁུལ་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། མཚོ་ནུབ་ཁུལ་གསར་སྐྲུན་གཞུང་སྒྲུབ་ཁང་གི་ཆེད་བསྐོས་ཀྲུའུ་རིན་གཞོན་པ་ལིག་ཞོས་ལེན་གྱིས་བཤད་རྒྱུར། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཚོགས་པ་དེས་མིའི་བརྩོན་སེམས་ཆེར་བསྐྱེད་བྱེད་པ་དང་། ང་ཚོས་འགུལ་སྐྱོད་དངོས་ཀྱི་སྟེང་ནས་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་། གོ་བ་ཟབ་མོ་ལེན་པ། དྲིལ་སྒྲོག་བཟང་བོ་བྱེད་པ། ལག་བསྟར་མཐར་ཕྱིན་བྱེད་རྒྱུ་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་ཐུན་མོང་གི་ལྟ་བ་གཙོར་འཛིན་པ་དང་། འགྲོ་འོང་དང་བརྗེ་རེས་བྱེད་སྟངས་ལ་གསར་སྐྲུན་བྱེད་པ། འགྲོ་འོང་དང་བརྗེ་རེས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གཞི་རིམ་རྩ་འཛུགས་སྟོབས་ལྡན་དུ་གཏོང་བ་དང་། རྨང་གཞིའི་བྱ་བ་བཟང་བོར་བསྒྲུབ་པ་བཅས་བྱས་ནས། བོད་ཁུལ་གྱི་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།

མཚོ་ལྷོ་ཁུལ་ཞིང་ཕྱུགས་ཅུའུ་ཡིས་ལག་རྩལ་ལས་བྱེད་པ་སུའུ་ཚེ་བརྟན་གྱིས་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱས་རྗེས་བཤད་རྒྱུར། བྱ་བའི་དགོས་མཁོའི་དབང་གིས། ཞིང་ལས་ཚན་རྩལ་མི་སྣ་ཚོ་རྒྱུན་དུ་གཞི་རིམ་དུ་སོང་ནས་ས་དེའི་རོང་འབྲོག་མང་ཚོགས་ཚོར་ཞིང་ཕྱུགས་ཐོན་སྐྱེད་ཐད་ཀྱི་ཤེས་བྱ་འགྲེལ་བཤད་བྱེད་དགོས། འོན་ཀྱང་ལས་ཁུངས་ཀྱི་ལག་རྩལ་མི་སྣ་ཧ་ཅང་ཉུང་། ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་སྟེང་བོད་ཁུལ་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་གྲུབ་ཚུལ་ལ་ལེགས་སྒྲིག་བྱས་ནས། ཕུལ་བྱུང་གི་ཤེས་ལྡན་མི་སྣ་ཆ་རྐྱེན་ཞན་པ་དང་གནས་ཚུལ་རྙོག་འཛིང་ཡིན་པའི་ས་ཁུལ་དུ་མངགས་ནས་སྦྱོང་བརྡར་བྱེད་རྒྱུ་ཡིན་ཞེས་བཤད་མྱོང་བས། ངས་རྗེས་ཕྱོགས་ང་ཚོའི་ལས་ཁུངས་སུ་ཡང་ཕུལ་བྱུང་གི་ལག་རྩལ་མི་སྣ་འགའ་མངགས་པར་རེ་སྒུག་བྱེད་ཀྱིན་ཡོད་ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཞང་ཉིན་ཞ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོས་བཤད་རྒྱུར། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དང་། ཁྱད་ཆོས་ཐོན་ལས་ཀྱི་ཚོང་གཉེར་མ་དཔེ་ཡི་སྣེ་ཁྲིད་འོག ད་ལྟ་ཁྱིམ་ཚང་ཚང་མས་བདེ་སྐྱིད་འཚོ་བ་རོལ་ཐུབ་པ་བྱུང་བ་དང་། བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་བོད་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོའི་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་ཕུགས་འདུན་དང་འདོད་བློ་ཇེ་བརྟན་དུ་བཏང་། རྗེས་ཕྱོགས་ང་ཚོས་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རང་སྡེ་བའི་གནས་ཚུལ་དངོས་ལ་དམིགས་ནས། མུ་མཐུད་དུ་ཕྱུག་བསྒྱུར་གྱི་ལམ་བུར་བསྐྱོད་དེ། སྡེ་དམངས་ཡོངས་ཀྱི་སྔར་ལས་བཟང་བའི་འཚོ་བ་རོལ་ཐུབ་པ་དང་། ང་ཚོ་བོད་ཁུལ་འཆམ་མཐུན་འཕེལ་རྒྱས་དང་བདེ་སྐྱིད་རོགས་རེས་ཀྱི་ཁྱིམ་གཞི་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་རྒྱུ་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།