ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་མཇུག་འབྲས་ཀྱི་འབྲེལ་ཡོད་རྒྱུ་ཆ་ལྟར་ན། མིག་སྔར་ཁུལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད། བརླན་སའི་སྐྱེ་ཁམས་མ་ལག་གི་རྒྱ་ཁྱོན་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཐང་རྒོད་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་དང་སྲུང་སྐྱོབ་བྱས་ཡོད། རྩྭ་ཐང་ཉམས་ཞན་དུ་འགྲོ་བཞིན་པའི་རྣམ་པར་ཚོད་འཛིན་བྱས། ས་ཆུ་དོ་མཉམ་གྱི་ནུས་པ་ཇེ་མཐོར་སོང་བ་ལས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་བ་བྱུང་སྟེ། སྐྱེ་ཁམས་གནས་ཚུལ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ནས། འཚོ་སྡོད་ཁོར་ཡུག་བརྟན་བརླིང་ངང་ཇེ་ལེགས་སུ་སོང་ཡོད།

གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་དང་པོ་ལག་བསྟར་བྱས་པ་ནས་བཟུང་། སྲུང་སྐྱོབ་ཁུལ་གྱི་ནགས་ཚུལ་རྒྱ་ཁྱོན་དང་། བརླན་སའི་རྒྱ་ཁྱོན། རྩྭ་སའི་རྒྱ་ཁྱོན་བཅས་ཇེ་ཆེར་འགྲོ་བཞིན་ཡོད། བརླན་སའི་ནུས་པ་ཆེན་པོ་ཐོན་པ་ལས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ནགས་ཚལ་དང་རྩྭ་སའི་སྐྱེ་ཁམས་མ་ལག་གི་ཆུའི་ཐོན་ཁུངས2004ལོའི་དུང་ཕྱུར169.23ནས2012ལོའི་དུང་ཕྱུར197.6འཕར་སྣོན་བྱུང་། འཕར་སྣོན་བྱུང་ཚད་དུང་ཕྱུར28.37ཡིན། ས་རྒྱུར་བསླད་སྐྱོན་ཐེབས་ཚད་ཏུན་ཁྲི3472ཇེ་ཉུང་ལ་སོང་ཡོད། ཕྱུགས་བཀག་རྩྭ་གསོའི་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་ཚད་བརྒལ་འཚོ་སྐྱོང་བྱེད་ཚད་129%ནས་46%གིས་ཇེ་ཉུང་ལ་བཏང་སྟེ། རྩྭ་ཕྱུགས་ཀྱི་འགལ་བ་ནུས་ཡོད་སྒོས་ཐག་གཅོད་བྱས་ཡོད།

སྐྱེ་ཁམས་གནས་སྤོར་ལས་གཞི་ཁུལ་གྱི་གྲོང་རྡལ་ཆུང་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུར་ཡར་སྐུལ་བྱས་ཏེ། རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་མངོན་གསལ་སྒོར་ཇེ་ལེགས་སུ་བཏང་། སྐྱེ་ཁམས་གནས་སྤོར་སྡོད་ཁུལ་གྱི་སྤྱི་བའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་སྔར་ལྷག་པའི་སྒོ་ནས་འཐུས་ཚང་དུ་བཏང་སྟེ། རྩ་བའི་སྟེང་ནས་སྐྱེ་ཁམས་གནས་སྤོར་སྡོད་དམངས་ཀྱི་ནད་སྟོན་དཀའ་བ་དང་། བུ་བུ་མོ་སློབ་གྲྭར་འགྲོ་དཀའ་བ། འཐུང་ཆུ་དཀོན་པ། གློག་དཀོལ་རྒྱུར་དཀའ་ཁག་ཡོད་པ། བརྙན་འཕྲིན་ལ་བལྟ་མི་ཐུབ་པའི་དངོས་ཡོད་གནད་དོན་སོགས་གནས་སྤོར་སྡོད་ཁུལ་གྱི་འཚོ་བའི་ཆ་རྐྱེན་ངེས་པ་དོན་གྱིས་ལེགས་བཅོས་བྱས་པ་དང་། རང་ནུས་ལ་བསྟེན་ནས་འཚོ་བ་རོལ་བའི་ནུས་པ་ཇེ་མཐོར་བཏང་ཡོད།

སྔ་རྗེས་སུ་སྐྱེ་ཁམས་གནས་སྤོར་སྡོད་དམངས་ལ་གཟན་ཆས་ཁ་གསབ་དང་། འབུད་ཤིང་ཁ་གསབ། རྩྭ་སའི་བྱ་དགའི་དངུལ། དཀའ་ཁག་ཆེ་བའི་རོགས་སྐྱོར་མ་དངུལ་སོགས་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། ཁྱོན་བསྡོམས་པས་རྩྭ་སའི་བྱ་དགའི་ཁ་གསབ་མ་དངུལ་བྱིན་པའི་ཁྱིམ་ཚང་ཁྲི56460ཡིན་ལ། མི་ཁྲི234771ལ་ཁེ་ཕན་བསྐྲུན་ཡོད། རོང་འབྲོག་མང་ཚོགས་ཀྱིས་བརྒྱ་ཆའི་དོན་གཉིས་དང་གྲངས་ཆུང་གཉིས་ཟིན། ཚན་རྩལ་གསོ་སྐྱོང་སོགས་ལས་གཞི་ལག་བསྟར་བྱས་ཏེ། མི་རིགས་ཀྱི་ལག་རྩལ་ཐོན་རྫས་གསར་སྤེལ་བྱས། མི་རིགས་ཀྱི་གྱོན་ཆས་དང་། རྫ་ནག་བཟོ་བ། མ་ཎི་རྡོ་བརྐོས། ཐང་ཀ་འབྲི་བ། ཁ་ལོ་བ་གསོ་སྐྱོང་སོགས་ཚན་རྩལ་མིག་དཔེ་ཁྱིམ་ཚང་གསོ་སྐྱོང་བྱས། མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་བཏང་སྟེ། སྤྱིའི་བྱང་ཚད་ཇེ་མཐོར་བཏང་བ་ལས། རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་ལྟ་བ་དང་ཐོན་སྐྱེད་འཚོ་བའི་རྣམ་པར་འགྱུར་ལྡོག་བྱུང་། རི་ཁུལ་དུ་སྡོད་པའི་རོང་འབྲོག་མང་ཚོགས་མང་པོ་ཞིག་གནས་སྤར་ནས་རྩ་བའི་སྟེང་ནས་གྲོང་རྡལ་གྱི་འཚོ་བར་གོམས་ཡོད།  །  

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།