ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཧྭ་ལཱ་ཀི་ཞང་ལྟེ་བའི་སློབ་གྲྭ་རུ་སོང་ནས། སློབ་གྲྭ་དེའི་དགེ་རྒན་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། ཞང་སྡེ་སློབ་གྲྭའི་ལོ་ཆུང་ཕོ་བྲང་གི་འཛུགས་སྐྲུན་དང་བྱ་འགུལ་སྤེལ་བའི་གནས་ཚུལ་ཐད་ནས་རྟོག་ཞིབ་བྱས།

འཚམས་འདྲི་བྱེད་སྐབས་ཀྲང་ཞི་མེན་གྱིས་སློབ་གྲྭ་དེའི་དགེ་རྒན་རྣམས་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་། ཚང་མར་དགེ་རྒན་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཚེས་བརྒྱད་ཉིན་མཚོ་སྔོན་ཞིང་ཆེན་གྱིས་ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་བསྡུས་ནས། ཧྲུའུ་ཅི་ལོ་ཧོས་ཉིན་དང་ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱིས་ཆེད་དུ་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་དགེ་རྒན་གྱི་འཐུབ་མི་ལ་ཐུག་འཕྲད་བྱས་པ་དང་། ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གཏམ་བཤད་ཁྲོད་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་རྣམས་ལ་དགེ་རྒན་དུས་ཆེན་གྱི་འཚམས་འདྲི་བྱས་པ་དང་། དེ་ནི་ང་ཚོར་མཚོན་ན་སྐུལ་སློང་ཆེན་པོ་ཞིག་ཡིན། སློབ་གསོ་རླབས་ཆེ་ཞིང་དགེ་རྒན་གཟི་བརྗིད་ཆེ་ལ། དགེ་རྒན་ནི་སློབ་གསོའི་ཐོན་ཁུངས་དང་པོ་ཡིན་པ་དང་། དགེ་རྒན་བཟང་བོ་ཞིག་ཡོད་ན་ད་གཟོད་སློབ་གསོ་བཟང་བོ་སྤེལ་ཐུབ་པས། རྒྱ་ཆེའི་དགེ་རྒན་སྟོབས་ཤུགས་ཡོད་རྒུས་དཔེ་ཁྲིད་མི་སྐྱོང་དང་། རིག་སྟོབས་དང་བརྩེ་སེམས་ཡོད་ཚད་སློབ་གསོའི་ལས་དོན་ཐད་འབུལ་དགོས་ལ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་སློབ་གསོ་ཐད་སེམས་ཁུར་དང་སློབ་གསོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། ཐོན་ཁུངས་སྔར་ལས་མང་པོ་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་སྟེང་བཏང་ནས། རྒྱ་ཆེའི་དགེ་རྒན་ཚོའི་དཔེ་ཁྲིད་མི་སྐྱོང་བྱེད་པའི་ཐད་ཆ་རྐྱེན་བཟང་བོ་བསྐྲུན་ཟེར།jd

ཞང་སྡེ་སློབ་གྲྭའི་ལོ་ཆུང་ཕོ་བྲང་ནས། ཀྲང་ཞི་མེན་གྱིས་སེམས་རྣལ་ལ་ཕབ་ནས་བྱིས་པ་བརྩམས་ཆོས་འགྲེམ་སྟོན་བལྟས་བ་དང་། དོ་དམ་འཁོར་སྐྱོད་ཀྱི་གནས་ཚུལ་གསལ་བོ་དྲིས། ཁོས་བསྟན་དོན། ལོ་ལྔའི་འཛུགས་སྐྲུན་བརྒྱུད་དེ། ཞང་སྡེའི་སློབ་གྲྭའི་ལོ་ཆུང་ཕོ་བྲང་ལ་བྱིས་པ་དགའ་བསུ་ཆེན་པོ་ཐོབ་པ་དང་། དེ་བྱང་ཚད་སློབ་གསོ་ལ་ཤུགས་སྣོན་པ་དང་སློབ་གྲོགས་བར་བརྗེ་རེས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། དོ་དམ་ཞབས་ཞུ་དང་རིག་གནས་རྒྱུད་འཛིན་ནུས་བ་སྔར་ལས་མཐོར་འདེགས་བྱས་ནས། རྣམ་པ་མི་འདྲ་བ་དང་བྱིས་པ་ཉན་སྤྲོ་བ་དང་བལྟ་འདོད་པའི་བྱ་འགུལ་མང་པོ་སྤེལ་བར་བརྒྱུད་དེ། བྱིས་པ་ཚོ་བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།