ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བརྒྱད་ཉིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་དམག་སྤྱི་མཱ་ཀྲན་ཧྲན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ལ་བགྲོ་གླེང་བྱེད་པའི་ཚོགས་འདུ་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁངཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་གཉིས་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅོན་གྱིས་བསྟན་དོན། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་རྗེས་དྲན་དང་དམག་སྤྱི་མཱ་ཀྲན་ཧྲན་གྱི་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བར། ཅིས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པའི་རྗེས་དྲན་ཚོགས་ཆེན་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་མཚོ་སྔོན་ནས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་བཤད་པའི་གཏམ་གྱི་བསྟན་དོན་གཉིས་ལ་སློབ་སྦྱོང་མཐའ་འཁྱོལ་བྱས་ཏེ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཛུབ་སྟོན་དུ་བཟུང་ནས། ཧུར་བརྩོན་ཆེན་པོས་ཁུལ་གསུམ་འཛུགས་སྐྲུན་གང་ལེགས་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་མཐའ་གཅིག་ཏུ་འབད་དེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་བབ་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་དགོས་ན། ཅིས་ཀྱང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ལ། ཐོག་མཐའ་བར་གསུམ་ཀུན་ཏུ་དཔལ་འབྱོར་འཛུགས་སྐྲུན་གྱི་བྱ་གཞག་འགངས་ཆེན་ལ་བརྩིས་ཏེ། དཔལ་འབྱོར་འཛུགས་སྐྲུན་ལ་ཕན་པའི་མཐུན་རྐྱེན་ཡོད་རྒུ་འདོན་སྤེལ་བྱེད་རྒྱུ་ནི་ལས་དོན་ཡོད་ཚད་ཀྱི་རྩ་བ་ཡིན། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་གཞག་དེ་ལས་སྒོ་ཐམས་ཅད་ལས་སྔོན་མ་ཡིན་པའི་འདུ་ཤེས་གསོ་སྐྱོང་བྱས་ཏེ། འདུ་ཤེས་དེས་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་བར་སྤྱི་ཁོག་སྙོམ་སྒྲིག་བྱེད་ཐུབ་དགོས། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལ་བསྐྱོད་ཐུབ་པར་འགན་ལེན་ཁག་ཐེག་བྱས་ཏེ། འཆམ་མཐུན་མཉམ་གནས་དང་ཞི་བདེ་བརྟན་འཇགས་ལ་ཕན་པའི་དཔལ་ཡོན་གྱི་ཁོར་ཡུག་ཅིག་བསྐྲུན་པར་འབད་དགོས། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། མེས་རྒྱལ་གཅིག་གྱུར་བཅས་ཀྱི་ལས་དོན་འབད་བརྩོན་ཆེན་པོས་སྒྲུབ་སྟེ། འཛམ་གླིང་ཞི་བདེ་ཡོང་བ་དང་འགྲོ་བ་མིའི་རིགས་ཀྱི་དྲང་བདེན་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཟེར།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་ཡུས་ཀྲི་དང་མཱ་ཀྲི་ཝེ་གཉིས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀའོ་ཚིན་ཁྲིན་དང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅན་མེན་དང་ཀྲང་ཞི་མེན། མཱ་ཝེ། ཝང་ཞའོ་ཆིན། ལིས་ཞོན་ཧྲིན། ཏུང་ཁེ་ཅོན་བཅས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།