ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟི་གཉིས་ཀྱིས་ཟི་ལིང་ནས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་དང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིའི་ཏུང་ཧྲི་ཀྲང་ཝང་པེན་ཧྭ་གཉིས་ཀྱིས་སོ་སོར་གཏམ་བཤད།

ཧའོ་ཕིན་གྱིས་གཏམ་བཤད་སྐབས་ཐོག་མར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཝང་པེན་ཧྭ་སོགས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱེད་དུ་ཡོང་བར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་ངོ་མང་བོའི་རིང་ལ། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིས་རྒྱུན་མ་ཆད་པར་མཚོ་སྔོན་དུ་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། ལས་སྒོ་རྒྱ་བསྐྱེད་པས། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཀུང་ཟི་དེ་ཞིང་ཆེན་ཡོངས་ཀྱི་ཁེ་ལས་གཙོ་བོར་གྱུར་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཟེར།

ཧའོ་ཕིན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནི་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟི་ལྟ་བུའི་ཁེ་ལས་ཆེ་རིགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པ་དང་། སྡེ་ཚོགས་ཀུང་ཟིས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཀུང་ཟིའི་འཕེལ་རྒྱས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས། ད་ཡོད་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་ལ་ཁག་ཐེག་བྱེད་པ་དང་། ཧུར་ཐག་གིས་ལས་སྒོ་གསར་བ་གསར་གཏོད་བྱས་ཏེ། ཆུ་གློག་དང་ནུས་ཁུངས་གསར་བ་དང་འབྲེལ་ཡོད་ཐོན་ལས་ཐད་ནས་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་རེ་བ་བཏོན། ཧའོ་ཕིན་གྱིས་མཚོ་སྔོན་གྱིས་སྔར་བཞིན་དུ་སྡེ་ཚོགས་ཀུང་ཟི་མཚོ་སྔོན་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཞབས་འདེགས་བཟང་བོ་ཞུ་བ་དང་། འཕེལ་རྒྱས་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་ཐག་གཅོད་རོགས་བྱས་ནས། སྟོབས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་ཆ་རྐྱེན་དང་ཁོར་ཡུག་བཟང་བོ་བསྐྲུན་རྒྱུ་ཡིན་པའི་ཚུལ་བསྟན།

ཝང་པེན་ཧྭ་ཡིས་མཚོ་སྔོན་གྱི་ཉེ་བའི་ལོ་འགའི་རིང་ལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་ཀུང་ཟི་མཚོ་སྔོན་དུ་འཕེལ་རྒྱས་གཏོང་བའི་ཐད་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་ཀུང་ཟིའི་ད་ཡོད་དངུལ་གཏོང་དང་ལས་གཞི་སྤེལ་ཚད་ཇེ་མགྱོགས་སུ་གཏོང་བར་སྔར་ལས་རྒྱབ་སྐྱོར་བྱེད་པ་དང་། ནུས་ཁུངས་གསར་བའི་ཐོན་ལས་ཀྱི་རྣམ་པ་བསྒྱུར་བ་དང་རིམ་པ་སྤོར་བའི་ཐད་རྒྱབ་སྐྱོར་བྱེད་པ། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་གཏོང་བ། མཚོ་སྔོན་གྱི་འཕེལ་རྒྱས་གསར་བའི་ཁྲོད་འདྲེས་པར་བྱེད་པ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་བཅས་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།

ལོ་ཡུས་ལིན་གྱིས་བཞུགས་མོལ་ཚོགས་འདུ་ལ་མགོ་འཛིན་བྱས་པ་དང་། ཀའོ་ཧྭ་ཚོགས་འདུར་ཞུགས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།