ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟི་གཉིས་ཀྱིས་ཟི་ལིང་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཧྲིན་ཀྲང་ཧའོ་ཕིན་དང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཝང་པིན་ཧྭ་གཉིས་ཀྱིས་ཚོགས་ཐོག་ནས་སྔ་གཞུག་བྱས་ཏེ་གཏམ་བཤད།

ཧའོ་ཕིན་གྱིས་གཏམ་བཤད་ཁྲོད་ཐོག་མར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཝང་པིན་ཧྭ་མཚོ་སྔོན་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་མ་ཟད། ད་དུང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིས་དུས་ཡུན་རིང་བོའི་ནང་དུ་མཚོ་སྔོན་གྱི་འཕེལ་རྒྱས་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལ་བཀའ་དྲིན་ཞུས་པའི་བསམ་པ་བསྟན། ཁོས་བཤད་རྒྱུར། ལོ་ངོ་དུ་མའི་རིང་ལ། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིས་མཚོ་སྔོན་ལ་བར་མ་ཆད་པའི་ངང་མ་རྩ་གཏོང་ཤུགས་ཆེར་བསྐྱེད་དང་། ལས་རིགས་ཀྱི་འཁོར་རྒྱ་སྔར་ལས་སྔོག་འདོན་བཟང་བོ་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་གློག་འདོན་ཀུང་ཟི་དེ་མཚོ་སྔོན་ཞིང་ཆེན་ཡོངས་ལ་ཕན་པའི་ཁེ་ལས་གཙོ་གྲས་སུ་གྱུར་ཡོད་ལ། དེས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་བྱས་རྗེས་གལ་ཆེན་བཞག་ཡོད།

ཧའོ་ཕིན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ནི་མཚོ་སྔོན་དང་རྒྱལ་ཡོངས་གཉིས་གོམ་འགྲོས་གཅིག་གི་ངང་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ལ་བསྐྱོད་པར་བྱེད་པའི་གནད་འགག་གི་དུས་རབས་ཡིན་ལ། ཁྱད་པར་དུ་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟི་ལྟ་བུའི་ཁེ་ལས་ཆེ་གྲས་འདིས་འཕེལ་རྒྱས་ཐད་བྱེད་ནུས་མི་དམན་པ་བཏོན་ཡོད། རེ་བ་ཡིན་ན་སྡེ་ཚོགས་ཀུང་ཟི་འདིས་སྔར་ལས་ཟམ་མ་ཆད་པའི་སྒོ་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་གློག་ཤུགས་ཀུང་ཟི་འདི་ཉིད་མཚོ་སྔོན་ནས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། ཁེ་ལས་ཐོན་སྐྱེད་ཚོང་གཉེར་ལ་འགན་ལེན་ཁག་ཐེག་བྱེད་པ་དང་། ཧུར་བརྩོན་ཆེན་པོས་ལས་རིགས་གསར་བ་རྒྱ་བསྐྱེད་དེ། ཆུ་གློག་དང་ཐོན་ཁུངས་གསར་བ། དེར་འབྲེལ་གྱི་ཐོན་ལས་གསར་བ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་བཅས་ལ་འབད་དགོས་ཟེར།

ཝང་པིན་ཧྭ་ཡིས་མཚོ་སྔོན་གྱིས་ལོ་ངོ་འདི་དག་གི་རིང་ལ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་ངོ་འདི་དག་གི་རིང་ལ་གློག་ཤུགས་ཀུང་ཟིའི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་དྲིན་ཚོར་བའི་བསམ་པ་བསྟན། ཁོས་བཤད་རྒྱུར། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་ལས་དོན་ཡོད་རྒུར་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་པའི་བསམ་པ་བསྟན།

ལའོ་ཡུས་ལིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཀའོ་ཧྭ་ཚོགས་འདུར་ཞུགས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།