ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་གསུམ་རིང་གི་དཀའ་ངལ་ཁྱད་བསལ་བྱས་པ་བརྒྱུད་དེ་མཚོ་སྔོན་ཞིང་ཆེན་གྱི“གཅིག་གཉིས་ལྔ”འཛུགས་སྐྲུན་གཙོ་བོའི་རྣམ་གྲངས་ཏེ་སྤྱིའི་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་གསུམ་དང་དུང་ཕྱུར་གཉིས་ཅན་གྱི་མགོ་ལོག་གནམ་གྲུ་ཐང་གི་བཟོ་སྐྲུན་གཙོ་བོ་ཕལ་ཆེར་ཡོངས་འགྲུབ་བྱས་པ་དང་། ཟླ་བཅུ་བའི་ཟླ་མཇུག་གི་སྔོན་དུ་ཡོངས་འགྲུབ་བྱེད་རྩིས་ཡོད་ལ་ལོ་འདིའི་ནང་དུ་གནམ་གྲུ་གཏོང་བའི་དམིགས་ཡུལ་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

མགོ་ལོག་གནམ་གྲུ་ཐང་ནི༼གཅིག་གཉིས་ལྔ་རྒྱལ་ཡོངས་དམངས་གཉེར་གནམ་གྲུ་ཐང་འཛུགས་སྐྲུན་འཆར་གཞི༽ཁྲོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ཡིན་ལ། ཉིས་སྟོང་ཉི་ཤུ་ལོའི་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་འབུམ་གཅིག་ཁྲི་ལྔ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་སུམ་བརྒྱ་དོན་ལྔའི་འཆར་གཞི་ཡོངས་འགྲུབ་བྱེད་པར་དམིགས་ནས་ཇུས་འགོད་བྱས་ཡོད་པ་དང་འཆར་གཞིའི་ལམ་ཐིག་གཙོ་བོ་ནི་མགོ་ལོག་ནས་ཟི་ལིང་དང་ལྷ་ས། ཁྲིན་ཏུའུ་སོགས་ཡིན། རྣམ་གྲངས་གཙོ་བོའི་འཛུགས་སྐྲུན་ཁྲོད་རིང་ཚད་ལ་རྨིད་སུམ་སྟོང་བརྒྱད་བརྒྱ་དང་ཞེང་ལ་རྨིད་ཞེ་ལྔ་ཡོད་པའི་རྒྱུག་ལམ་ལས་པ་དང་། རྨིད་གྲུ་བཞི་མ་སུམ་སྟོང་ཡོད་པའི་གནམ་གྲུ་འབབ་ཚིགས་ཐོག་ཁང་དང་ཁོངས་གཏོགས་ལྷུ་ལག་སྒྲིག་བཀོད་གསར་འཛུགས་སོགས་འདུ།

མིག་སྔར་མགོ་ལོག་གནམ་གྲུ་ཐང་གི་རྣམ་གྲངས་རེ་རེའི་བཟོ་སྐྲུན་འཕེལ་ཚད་བདེ་ལེགས་ཡིན་ལ། དེའི་ནང་རྒྱུག་ལམ་དང་གནམ་གྲུ་འཇོག་ས། ཆུ་འབུད་བཟོ་སྐྲུན་ཡོངས་འགྲུབ་བྱས་ཡོད་པ་དང་གནམ་གཤིས་ཕྱོགས་སྟོན་བཟོ་སྐྲུན་སྒྲིག་བཀོད་སྒྲིག་སྦྱོར་བྱེད་མགོ་བརྩམས་པ་དང་། གནམ་གྲུ་འབབ་ཚིགས་ཀྱི་གནམ་གྲུ་འབབ་ཚིགས་ཐོག་ཁང་གཙོ་བོ་དང་དཀྱིལ་སྙིང་གློག་སྒྱུར་ཁང་། ཁྲོ་ཐབ་ཁང་སོགས་ཡོངས་འགྲུབ་བྱས་ཡོད། ཕྱོགས་བསྡུས་དོ་དམ་དང་མེ་འགོག་མེ་གསོད། འཕྲུལ་གློག་སྒྲིག་སྦྱོར་སོགས་བཟོ་སྐྲུན་གྱི་བརྒྱ་ཆའི་གྱ་ལྔ་ཡོངས་འགྲུབ་བྱས་པ་དང་འབབ་ཚིགས་ནང་ཡོང་སའི་གཞུང་ལམ་དང་ཆུ་འདོན་དང་གློག་འདོན་སོགས་འབབ་ཚིགས་ཕྱིའི་ལྷུ་ལག་བཟོ་སྐྲུན་གོ་རིམ་ཡོད་པའི་སྒོ་ནས་འཛུགས་སྐྲུན་བྱེད་བཞིན་ཡོད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།