ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་རིང་ལ། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་དམངས་ཕྱུག་བོད་དར་དང་དམངས་ཚིས་ལེགས་བཅོས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་རྒྱས་བཤད་དེ་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་བཅས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གླེང་གཞི་གཙོ་བོར་གྱུར།

ཏ་ཐུང་རྫོང་ཞང་ཧྭ་བོད་རིགས་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཆི་ཅན་ལིན་གྱིས་བཤད་རྒྱུར། ཀྲུང་དབྱང་གིས་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བསྡུས་པ་དེས་ཏང་དང་རྒྱལ་ཁབ་ཀྱིས་བོད་རིགས་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་གནང་བ་མཚོན་ལ། དེས་ང་ཚོས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་ཡིད་ཆེས་དང་ཆོད་སེམས་ཇེ་ཆེར་བཏང་སོང་། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ང་ཚོས་རང་གི་བྱ་བ་བཟང་བོར་བསྒྲུབ་སྟེ་གཞི་རིམ་མང་ཚོགས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་རྒྱུ་ཡིན་ཟེར།

ཞོན་ཧྭ་རྫོང་རྐང་ཚ་ཞང་རྐང་ཚ་དགོན་པའི་བྱ་བ་སྒྲུབ་མཁན་བསོད་ནམས་ཀྱིས་བཤད་རྒྱུར། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ནི་ང་ཚོ་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་གྱི་བྱ་བ་སྒྲུབ་མཁན་ལ་མཚོན་ན་དུས་ཐོག་ཆར་བ་ལྟ་བུ་རེད། ང་ཚོས་དེང་སྐབས་ཀྱི་ཞང་དང་གྲོང་རྡལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཟུང་སྦྲེལ་དམ་པོ་བྱས་ཏེ། འཆམ་མཐུན་དགོན་སྡེ་གསར་སྐྲུན་གྱི་བྱ་བ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར།

ཞོན་ཧྭ་རྫོང་རྡོ་སྦིས་བོད་རིགས་ཞང་འོབས་དམར་མདོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབང་ཕྱུག་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་དམངས་ཚིགས་ལེགས་བཅོས་དང་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་བསྟན་པ་དེ་ལྷག་ཏུ་དེང་སྐབས་ཀྱི་དགོས་མཁོ་དང་མཐུན། ཏང་དང་སྲིད་གཞུང་གི་དབུ་ཁྲིད་དང་ཐུགས་ཁུར་འོག་ཏུ། ང་ཚོ་བོད་ཁུལ་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།