ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་བོད་རིགས་ས་ཁུལ་ནས་རྩོལ་ལས་ལྷག་མ་སྤོ་བསྒྱུར་བྱེད་པའི་བྱ་བར་སྐུལ་འདེད་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ཏེ། དམའ་འབྲིང་དང་མཐོ་འབྲིང་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་མ་འགྲིམ་པའི་སློབ་མ་བཅས་ལ་ཁ་ཕྱོགས་ནས་གསོ་སྦྱོང་བྱས་པ་དང་། ད་ལོའི་ཟླ8པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་བོད་རིགས་ས་ཁུལ་དུ་རྩོལ་ལས་མི་ཐེངས་ཁྲི15.2ལ་གསོ་སྦྱོང་བྱས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལས་རིགས་ནུས་ཤུགས་འཛུགས་སྐྲུན་ཁྲུའུ་ཡི་འགན་ཁུར་བའི་མཚམས་སྦྱོར་བཤད་རྒྱུར། རང་ཞིང་གིས་བོད་ཁུལ་གྱི་ལས་ཞུགས་གསོ་སྦྱོང་བྱེད་པའི་གནས་བབ་ལ་དམིགས་ཏེ། “ལོ་ལྔའི་ཚན་བཅུ་གཉིས”ནས་བཟུང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྒྱལ་ཡོངས་སུ་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་རྩོལ་ལས་ལས་ཞུགས་གསོ་སྦྱོང་གཅིག་གྱུར་དོ་དམ་ཐོག་མ་སྤེལ་འགོ་བརྩམས་པ་མ་ཟད། སྲིད་གཞུང་གིས་གསོ་སྦྱོང་གྲུབ་འབྲས་ཉོ་སྒྲུབ་བྱེད་པའི་བྱེད་ཐབས་ལག་ལེན་བྱས་ནས་གསོ་སྦྱོང་གི་ངོ་བོ་དང་ལེན་བྱེད་ཀྱིན་ཡོད་པ་རེད། 2010ལོར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་གནོད་ཕྱིའི་བསྐྱར་སྐྲུན་གྱི་ལས་ཞུགས་གསོ་སྦྱོང་འཆར་འགོད་ལག་བསྟར་བྱས་པ་དང་། ལས་ཞུགས་བྱེད་ཞོར་ནས་གསོ་སྦྱོང་བྱེད་པའི་བྱེད་ཐབས་སྤྱད་པ་སོགས་བསྐྱར་སྐྲུན་ཁེ་ལས་དག་ལ་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་བསྡུ་ལེན་བྱེད་པར་སྐུལ་འདེད་བྱས་པ་དང་མི་ཐེངས་སྟོང་དྲུག་ལྷག་ལ་གསོ་སྦྱོང་བྱས། 2011ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་ཁུལ་གསུམ་གྱི་ལས་ཞུགས་ལ་སྐུལ་འདེད་བྱེད་པའི་གསོ་སྦྱོང་འཆར་འགོད་ལག་བསྟར་བྱས་པ་དང་། ས་གནས་དག་གི་མང་ཚོགས་ཀྱི་ལས་ཞུགས་སྤྲོ་བ་སྔར་ལས་མཐོར་འདེགས་སུ་བཏང་ཞིང་ལས་ཤུགས་ནུས་རྩལ་ཡང་ཇེ་མཐོར་སོང་། གཞན་ད་དུང2014ལོ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་དུ་མཁར་གྲོང་རྩོལ་ལས་ནུས་རྩལ་གསོ་སྦྱོང་བྱེད་པ་ནི་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་རྩོལ་ལས་ནུས་རྩལ་གསོ་སྦྱོང་བྱེད་པའི་གཙོ་གནད་དུ་བཞག་པ་སོགས་སྔར་ལས་ལྷག་པར་བོད་ཁུལ་གྱི་གསོ་སྦྱོང་གི་ཆུ་ཚད་དང་ཕན་འབྲས་ལ་མཐོར་འདེགས་སུ་བཏང་།  །   

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།