ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་མཚོ་ཤར་གྲོང་ཁྱེར་དཀྱིལ་དབུས་ས་ཁུལ་དང་། ཁེ་ལས་ས་ཁུལ། ཞིང་སྡེ་གཞིས་ཁུལ་བཅས་སུ་སོང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པར་ཁ་ཕྱོགས་དགོས་ན། བཟོ་ལས་གླིང་གི་འཕེལ་རྒྱས་ལ་ཤུགས་སྣོན་དང་། རྣམ་པ་གསར་བའི་ཐོན་ལས་མ་ལག་གསོ་སྤེལ། མཚོ་ཤར་གྲོང་ཁྱེར་རང་གི་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་གཏོང་བ། ལན་ཀྲིག་ནས་ཟི་ལིང་བར་གྱི་དཔལ་འབྱོར་ས་ཁོངས་གཟེངས་སུ་ཐོན་པར་བྱེད་པ་བཅས་ལ་འབད་འབུངས་བྱས་ཏེ། མཚོ་སྔོན་ཤར་རྒྱུད་ཀྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་ཐད་བྱས་རྗེས་བླ་མེད་འཇོག་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ལོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ནས་གྲོས་ཚོགས་བསྡུས་ཏེ། མཚོ་ཤར་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས། ཁོས་བསྟན་དོན། རྒྱལ་ཁབ་ཀྱི་ལན་ཀྲིག་ནས་ཟི་ལིང་བར་གྱི་དཔལ་འབྱོར་ས་ཁོངས་གེགས་མེད་ཡོངས་འགྲུབ་བྱེད་ཐུབ་མིན་དང་།མཚོ་སྔོན་ཤར་རྒྱུད་ཀྱི་གྲོང་ཁྱེར་ཚོགས་གཅིག་གྱུར་ངང་འཕེལ་རྒྱས་འགྲོ་ཐུབ་མིན་གྱི་གནད་འགག་ནི། མཚོ་ཤར་གྲོང་ཁྱེར་དཀྱིལ་དབུས་ཀྱི་དཔལ་འབྱོར་གཟེངས་སུ་ཐོན་པའི་ངང་འཕེལ་རྒྱས་སུ་འགྲོ་ཐུབ་མིན་ལ་རག་ལས་ཡོད་ཟེར།

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། བཟོ་ལས་གླིང་གི་འཕེལ་རྒྱས་ལས་དོན་ནི་མཚོ་ཤར་གྲོང་ཁྱེར་རང་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་ཐུབ་མིན་ལ་ཐད་ཀར་འབྲེལ་བའི་ལས་དོན་གལ་ཆེན་ཞིག་ཡིན་པས། མཚོ་ཤར་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་ཁྱེར་ལྟེ་གནས་ཁུལ་འཛུགས་སྐྲུན་བྱེད་པ་ཇི་བཞིན་བཟོ་ལས་གླིང་གི་འཕེལ་རྒྱས་བྱ་བ་དམ་པོར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་འཁོར་སྐྱོད་དཔལ་འབྱོར་སྤྱིའི་ཐོན་ལས་མུ་ཁྱུད་ལ་འཆར་འགོད་གང་ལེགས་བྱས་ཏེ། ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་ཚོང་འགུག་དངུལ་འདྲེན་དང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། སྟ་གོན་གྱི་བྱ་བ་དམ་པོར་འཛིན་པ། ལས་གཞི་དུས་ལྟར་ལག་བསྟར་དོན་འཁྱོལ་ཡོང་བ་བཅས་ལ་འབད་དགོས། ཧུར་བརྩོན་ཆེན་པོས་རྣམ་པ་གསར་རྐྱང་གི་ཐོན་ལས་གསོ་སྤེལ་གང་ལེགས་བྱེད་དགོས། ཟམ་མ་ཆད་པའི་སྒོ་ནས་་གྲོང་ཁྱེར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཡར་སྐུལ་བྱས་ནས། ཞབས་ཞུའི་ལས་སྒོ་འཐུས་ཚང་ཞིག་གྲུབ་པར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་གཉིས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མ་ཚར་བའི་སྔོན་ལ། མཚོ་ཤར་གྲོང་ཁྱེར་རང་གི་དཔལ་འབྱོར་གྱིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་གྱི་ཕྱེད་ཀ་ཟིན་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། མཚོ་ཤར་གྲོང་ཁྱེར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་། དཔལ་འབྱོར་ལམ་ལུགས་དང་སྲིད་འཛིན་ཞིབ་མཆན་ལམ་ལུགས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བར། ཅིས་ཀྱང་སྲིད་གཞུང་ཆུང་ངུ་དང་སྤྱི་ཚོགས་ཆེན་པོའི་ལམ་བུར་ཞུགས་དགོས། ས་གནས་ལས་བྱེད་པའི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་གཏོང་བ་དང་། མ་དངུལ་གཏོང་བའི་ཁོར་ཡུག་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ། ལས་བྱེད་པའི་དོ་དམ་དཔྱད་ཞིབ་ལམ་ལུགས་བསྐྱར་འཛུགས། ཚན་རིག་གི་འཕེལ་རྒྱས་བྱེད་ནུས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། མཚོ་ཤར་གྲོང་ཁྱེར་འདི་ཉིད་བཅོས་སྒྱུར་སྒོ་འབྱེད་བྱེད་གནས་གལ་ཆེན་ཞིག་ལ་འགྱུར་བར་བརྩོན་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།