ཀྲུང་གོི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚེས་བཅོ་བརྒྱད་ཉིན་རྩྭ་ས་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྩྭ་ས་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་ལས་འགན་བཀོད་སྒྲིག་བྱས།

 གྲོས་ཚོགས་ནས་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་གྲུབ་ཚུལ་ལེགས་སྒྲིག་དང་འཕེལ་སྟངས་ལེགས་སྒྱུར། འཕར་སྣོན་སྲ་བརྟན། དམངས་ཚིས་ཕན་འདོགས་བཅས་ཀྱི་མཐོ་ཚད་ནས་འགྲེངས་ཏེ། སྒྲིག་སྲོལ་དང་ནང་རྐྱེན་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་འཐུས་ཚང་དུ་བཏང་ནས། རྒྱལ་ཡོངས་ཀྱི་རྩྭ་ས་ཕྱུགས་ལས་འཕེལ་རྒྱས་ལ་ཕན་པའི་ཉམས་མྱོང་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས་པ་དང་། མཉམ་ལས་ཁང་ཚད་ལྡན་ཅན་དུ་བསྐྲུན་པར་ཤུགས་བསྣན་ནས། མཉམ་ལས་ཁང་རང་སྟེང་གི་འཕེལ་རྒྱས་ནུས་པ་དང་དེས་འབྲོག་དམངས་འཕེལ་རྒྱལ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས་ལ། གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ལེགས་འཛིན་བྱས་ཏེ། འདེབས་འཛུགས་དང་མཁོ་འདོན་གཞི་གཅིག་ཅན་དང་ཆེད་ལས་ཅན། སྤྱི་ཚོགས་ཅན་བཅས་ཀྱི་ཞབས་ཞུ་སྤེལ་ནས། ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་ཧུར་ཐག་གིས་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་ཤིང་། སྐྱེ་ལྡན་ཐོན་རྫས་གྲགས་ཅན་བསྐྲུན་ཤུགས་ཇེ་ཆེར་གཏོང་བ་དང་། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་བྱེད་པའི་ཁེ་ལས་གྲགས་ཅན་སྐྱེད་སྲིང་བྱས་ཏེ། མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་དགོས་པ་མ་ཟད། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། རྩྭ་གཟན་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་དུ་གསོ་སྤེལ་བྱས་ཏེ། འབྲོག་ཕྱོགས་ནས་རྒྱུད་སྤེལ་བ་དང་རོང་ཕྱོགས་ནས་ཚོ་གསོ་བྱེད་པའི་རྣམ་པ་གསར་བའི་ཐོན་ལས་ཀྱི་སྒྲིག་གཞི་ཞིག་ཆགས་པར་ཁྲིད་སྟོན་བྱེད་དགོས་ལ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། རྩྭ་ས་དེ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ལ་གོ་རིམ་ལྡན་ཞིང་འོས་འཚམ་ཡིན་པའི་སྒོ་ནས་བཀོལ་སྤྱོད་བྱེད་དུ་བཅུག་སྟེ། གཅིག་གྱུར་གྱིས་དོ་དམ་སྲུང་སྐྱོབ་དང་ཚན་རིག་དང་མཐུན་པར་བཀོལ་སྤྱོད་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།