ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་དུ། མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་གཉིས་ཁྲི་གཉིས་ལྷག་སྣེ་ལེན་བྱས་ཤིང་། དེ་ནི་ན་ནིང་གི་སྣེ་ལེན་བྱས་ཚད་ལས་བརྒྱ་ཆའི་བཅུ་གསུམ་ལྷག་གིས་མང་ལ། གནས་སྐོར་ཡོང་འབབ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དགུ་དུང་ཕྱུར་བརྒྱད་ལྷག་ལ་སླེབས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཉེར་གཉིས་ལྷག་འཕར། དེའི་ཁྲོད་ཟླ་བདུན་པ་དང་ཟླ་བརྒྱད་པ་ནི་གནས་སྐོར་གྱི་ཚ་རླབས་ཆེས་ཆེ་བའི་དུས་སྐབས་ཡིན་ལ། ཟླ་དེ་གཉིས་ཀྱི་ནང་དུ་གནས་སྐོར་ཡོང་འབབ་དང་སྣེ་ལེན་བྱས་ཚད་ལོ་རྒྱུས་ཀྱི་མཐོ་རླབས་སུ་སླེབས། ཟླ་བདུན་པའི་ནང་དུ་ཁྱོན་བསྡོམས་གནས་སྐོར་བ་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་བཞི་ལྷག་སྣེ་ལིན་བྱས་པ་དང་། དེ་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་བཅུ་གཅིག་ལྷག་འཕར་ལ། ཡོང་འབབ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་ལྔ་ལྷག་བླངས་པ་དང་། ཡོང་འབབ་བསྐྲུན་ཚད་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་ཉེར་བཞི་ལྷག་འཕར། ཟླ་བརྒྱད་པའི་ནང་དུ་ཁྱོན་བསྡོམས་གནས་སྐོར་བ་ས་ཡ་ལྔ་དང་འབུམ་གཅིག་ཁྲི་གཉིས་ལྷག་སྣེ་ལེན་བྱས་པ་དང་། སྣེ་ལེན་བྱས་ཚད་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་བཅོ་ལྔ་ལྷག་འཕར་ལ། ཡོང་འབབ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་དགུ་ལྷག་བསྐྲུན་པ་དང་། ཡོང་འབབ་བསྐྲུན་ཚད་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་ཉེར་བདུན་ལྷག་གིས་ཇེ་མང་དུ་སོང་།

མཚོ་སྔོན་ཞིང་ཆེན་གྱི་ཀ་ལྔ་རིམ་པའི་མཛེས་ལྗོངས་ས་ཁུལ་གཉིས་ཏེ། མཚོ་སྔོན་པོ་དང་སྐུ་འབུམ་དགོན་པ་གཉིས་ནི་གནས་སྐོར་བ་མང་པོ་འཁོར་སར་གྱུར་ཡོད། ཟླ་བརྒྱད་པའི་ནང་དུ། མཚོ་སྔོན་པོའི་ཁ་ནས་གནས་སྐོར་བ་འབུམ་ལྔ་དང་ཁྲི་བདུན་ལྷག་སྣེ་ལེན་བྱས་པ་དང་། སྣེ་ལེན་བྱས་ཚད་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་ཉེར་གཉིས་ལྷག་གིས་ཇེ་མང་དུ་སོང་ལ། དེས་ཐད་ཀར་ཡོང་འབབ་སྒོར་མོ་བྱེ་བ་བརྒྱད་ལྷག་བསྐྲུན་པས། ཡོང་འབབ་བསྐྲུན་ཚད་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་ཉི་ཤུ་ལྷག་གིས་ཇེ་མང་དུ་སོང་། ཟླ་བརྒྱད་པའི་ནང་། སྐུ་འབུམ་དགོན་པས་ཁྱོན་བསྡོམས་གནས་སྐོར་བ་འབུམ་བཞི་དང་ཁྲི་དྲུག་ལྷག་སྣེ་ལེན་བྱས་པ་དང་། སྣེ་ལེན་བྱས་ཚད་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་སོ་དྲུག་ལྷག་འཕར་ཡོད་ལ། དེས་ཡོང་འབབ་སྒོར་མོ་བྱེ་བ་དགུ་དང་ས་ཡ་ལྔ་འབུམ་ལྔ་ཁྲི་བདུན་ལྷག་བསྐྲུན་ཡོད་ཅིང་། ཡོང་འབབ་བསྐྲུན་ཚད་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་ཞེ་བཞི་ལྷག་འཕར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།